འབར་མའི་ཡུལ་གྱི་རྒྱལ་ཡོངས་འོས་བསྡུ།

འབར་མའི་དྲག་པོའི་སྲིད་གཞུང་གིས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དང་གྲངས་ཉུང་མི་རིགས་ཚོ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་གལ་ཆེ།

2010.10.20

༄༅༎གལ་ཏེ་འབར་མའི་དྲག་པོའི་སྲིད་གཞུང་གིས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་དང་གྲངས་ཉུང་མི་རིགས་ཚོ་མཉམ་ཞུགས་བྱེད་དུ་བཅུག་པ་ཡིན་ན་། ཟླ་བ་རྗེས་མ་ལོ་༢༠ནང་གི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཐེངས་དང་པོ་བྱ་འཆར་ཡོད་པ་དེ་གཞི་ནས་ཁྲིམས་མཐུན་ཆགས་རྒྱུ་ཡིན་སྐོར་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འབར་མའི་ནང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་གནང་མཁན་དམིགས་བསལ་སྐུ་ཚབ་ཐོ་མ་སི་ཨོ་ཧི་ཡ་ཁིན་ཏ་ན་ཡིས་གསུངས་བཞག།

དམིགས་བསལ་སྐུ་ཙབ་ཐོ་མ་སི་ཨོ་ཧི་ཡ་ཡིས་འབར་མའི་བཙོན་ཁང་ཁག་གི་ནང་ད་ལྟའི་སྐབས་འདིར་བཙོན་འཇུག་དོ་དམ་འོག་བཞག་པའི་སློབ་ཕྲུག་གི་འགོ་ཁྲིད།དགེ་སློང་དང་དམངས་གཙོ་དོན་གཉེར་བ། གྲངས་ཉུང་མི་རིགས་ཀྱི་འགོ་ཁྲིད་སོགས་ཁྱོན་ཆབ་སྲིད་བཙོན་པ་༢༡༠༠ཙམ་ཡོད་པ་དང༌། བཙོན་པ་དེ་རྣམས་ཕྱི་ཟླ་༡༡པའི་ཚེས་༧གོང་གློད་བཀྲོལ་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག།

གྲོང་ཁྱེར་ནིའུ་ཡོརཀ་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་མ་ཚུགས་གོང་དེ་རིང་འབར་མའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་རྟོག་ཞིབ་གནང་མཁན་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཐོ་མ་སི་ཨོ་ཧི་ཡ་ཡིས་ཡོངས་བསྒྲགས་གནང་བའི་སྙན་ཐོའི་ནང་ བཙོན་ཁང་ཁག་ནང་ཡོད་པའི་ཆབ་སྲིད་ཀྱི་བཙོན་པ་དེ་ཚོར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་ཡོངས་འོས་བསྡུའི་ནང་མཉམ་ཞུགས་བྱ་རྒྱུའི་ཁེ་དབང་ཐོབ་ཐང་ཡོད་སྟབས། རྒྱལ་ཡོངས་འོས་བསྡུ་དེ་དྲང་བདེན་དང་ཁྲིམས་མཐུན་ཞིག་ཡོང་དགོས་རྒྱུར་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མ་བཏོན་པར་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་སྐོར་གསུངས་བཞག།

རེས་གཟའ་ཟླ་བའི་ཉིན་འབར་མའི་དྲག་པོའི་གཞུང་གིས་འོས་བསྡུའི་སྐབས་རྒྱལ་སྤྱིའི་རྟོག་ཞིབ་གནང་མཁན་དང་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་འབར་མའི་ནང་ཕེབས་ཆོག་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎