ཨི་རན་གྱི་སྲིད་འཛིན་འོས་བསྡུའི་རྩོད་གཞིར་བློ་འཚབ།

ཨི་རན་ནང་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་ཐོག་ཨི་རན་གཞུང་གིས་ཐལ་ཆ་ཆེ་བའི་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་པའི་གནས་ཚུལ་དེར་བློ་འཚབ།

2009.06.19

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་ན་ལྦི་པི་ལེ་ཡིས་ཨི་རན་གྱི་སྲིད་འཛིན་འོས་བསྡུའི་གནད་དོན་རྩོད་གཞིར་གྱུར་བའི་རྗེས་མི་དམངས་ཀྱིས་ངོ་རྒོལ་ལས་འགུལ་ཐོག་ཨི་རན་གཞུང་གིས་ཐལ་ཆ་ཆེ་བའི་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་པ་དང་མི་དམངས་འཛིན་བཟུང་བྱེད་པའི་གནས་སྟངས་ཐོག་ཧ་ཅང་གི་བློ་འཚབ་ཡོད་ཅེས་གསུངས་ཡོད་པ་རེད།

དེ་ཡང་ལྕམ་ན་ལྦི་པི་ལེ་ཡི་ལས་ཁུངས་ཀྱིས་གསུངས་ན་ཨི་རན་གཞུང་གིས་མི་དམངས་འཛིན་བཟུང་བྱེད་པའི་གྲངས་ཀ་མང་དུ་འགྲོ་བའི་གནས་ཐུལ་ཐོན་པ་མ་ཟད་ལྷག་པར་དུ་ཨི་རན་གཞུང་ཕྱོགས་ནས་ཁྲིམས་མཐུན་མ་ཡིན་པའི་བྱ་ཐབས་ལག་བསྟར་བྱེད་སྲིད་པ་དང་ཁ་ཆེའི་སྲུང་སྐྱོབ་དམག་མི་ཁག་ཅིག་གིས་དྲག་པོའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ལ་ལྕམ་ན་ལྦི་པི་ལེ་མཆོག་ཧ་ཅང་གི་བློ་འཚབ་གནང་གི་ཡོད་པ་དང་ཡིན་ནའང་ཁོང་གི་ཉེ་བའི་ཆར་ནས་ཨི་རན་གྱི་རྒྱལ་ས་ཀྲེ་རའན་ནང་མི་དམངས་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་ནི་ཧ་ཅང་གི་ཞི་བདེ་དང་ཆེ་ཐོངས་ལྡན་པའི་སྒོ་ནས་སྤེལ་གྱི་ཡོད་པའི་ངོས་འཛིན་གནང་བ་མ་ཟད་སྨྲ་བརྗོད་རང་དབང་དང་འདུ་འཛོམས་བྱེད་པའི་རང་དབང་དེ་གཉིས་ནི་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཡིན་པ་ངོས་འཛིན་གནང་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཡིན་ནའང་ཁོང་གིས་ཨི་རན་ནང་གི་སྲུང་སྐྱོབ་དམག་མིས་མི་དམངས་ཐོག་དྲག་པོའི་བྱ་སྤྱོད་སྤེལ་བཞིན་པའི་གནས་ཚུལ་རིམ་པ་ཐོན་བཞིན་པ་མ་ཟད་མི་དམངས་འཛིན་བཟུང་བྱེད་པའི་བྱ་སྤྱོད་ནི་ཁྲིམས་འགལ་ཅན་དུ་འགྱུར་སྲིད་པ་ཞིག་དང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་འཛོལ་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎