གའ་ཛ་ནང་གི་དཀའ་རྙོག་སེལ་ཆེད་ཛ་དྲག་གི་ཚོགས་འདུ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་གའ་ཛ་ནང་གི་དཀའ་རྙོག་ཐོག་གོ་བསྡུར་གནང་རྒྱུའི་ཆེད་དུ་ཛ་དྲག་གི་ཚོགས་འདུ།

2009.01.07

༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་གའ་ཛ་ནང་གི་དཀའ་རྙོག་ཐོག་གོ་བསྡུར་གནང་རྒྱུའི་ཆེད་དུ་ཛ་དྲག་གི་ཚོགས་འདུ་ཞིག་སྐོངས་ཚོགས་གནང་རྒྱུ་ཡིན་པ་རེད་བཞག

དེ་ཡང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མི་བཞི་ཅུ་ཞེ་བདུན་ཡོད་པ་ནས་གསུམ་ཆ་གཉིས་ཙམ་གྱིས་བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་ཉེ་ཆར་ཨིསི་རའེལ་གྱི་དམག་དཔུང་ནས་གའ་ཛ་ཐོག་རྒོལ་གདུང་བཏང་ནས་མི་མང་དྲུག་བརྒྱ་ལྷག་ཙམ་རྐྱེན་འདས་སུ་བཏང་བ་སོགས་ཀྱི་གནད་དོན་ཐོག་དམིགས་བསལ་གྱི་ཚོགས་འདི་དེ་སྐོངས་འཚོགས་གནང་རྒྱུའི་རེ་འདུན་གནང་ཡོད་པ་རེད། དེ་ཡང་ཕྱི་ལོ་༡༠༠༦ལོའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་བསྐྱར་ཞིབ་གནང་བའི་རྗེས་ནས་ད་བར་ཨིསི་རའེལ་གྱི་གནད་དོན་ཐོག་སྐྱོན་བརྗོད་འཁོད་པའི་གྲོས་ཆོད་རིམ་པ་གསུམ་བཞག་ཡོད་པ་རེད། འོན་ཀྱང་ད་རེས་སྐོངས་འཚོགས་གནང་རྒྱུའི་དམིགས་བསལ་གྱི་ལྷན་ཚོགས་དེའི་ཐོག་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་དེར་ཨ་མི་རི་ཀས་སྐྱོན་བརྗོད་གནང་རྒྱུ་དང་སྦྲགས་སླད་ཕྱི་ལྷན་ཚོགས་དེ་ཚོའི་ནང་ཨ་མི་རི་ཀ་མཉམ་ཞུགས་གནང་རྒྱུ་ཉུང་དུ་གཏོང་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎