ཨཕ་གན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འགལ་ཟླ།

ཨཕ་ག་ནིསི་ཐན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་དབར་འགལ་ཟླའི་གནས་ཚུལ་ཆེན་པོ་བྱུང་སྟེ་ད་ཆ་ཞི་འགྲིག་བྱུང་བའི་གནས་ཚུལ།

2011.01.25

༄༅༎ཨཕ་ག་ནིསི་ཐན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་དབར་འགལ་ཟླའི་གནས་ཚུལ་ཆེན་པོ་བྱུང་སྟེ་གྲོས་ཚོགས་ཚུགས་མ་ཐུབ་པའི་དཀའ་ངལ་གྱི་གནས་ཚུལ་དེ་ད་ཆ་ཞི་འགྲིག་བྱུང་བར་ ཨ་མི་རི་ཀ་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ནས་དགའ་བསུ་ཞུས་གནང་འདུག།

འདས་པའི་ཉིན་གྲངས་གསུམ་རིང་ཨཕྷ་གྷནིསི་ཐན་གྱི་སྲིད་འཛིན་ཧར་མིརྡ་ཀར་ཛཡི་དང་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མིའི་དབར་འགལ་ཟླའི་གནས་ཚུལ་ཆེན་པོ་ཞིག་བྱུང་སྟེ་ སྲིད་འཛིན་གྱི་ངོས་ནས་མང་མོས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་བའི་གྲོས་ཚོགས་དེར་ངོས་ལེན་མི་བྱེད་རྒྱུའི་རྣམ་འགྱུར་གསལ་པོར་བསྟན་པ་དང་ ཡང་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ངོས་ནས་སྲིད་འཛིན་གྱིས་མོས་མཐུན་ཆོག་མཆན་ཡོད་མིན་ལ་མ་ལྟོས་པར་ཁྲིམས་བཟོའི་ལས་འཆར་གཏན་འབེབས་བྱ་རྒྱུ་ཡིན་སྐོར་ཤུགས་ཆེ་བརྗོད་པའི་གནས་ཚུལ་བྱུང་ཡོད་ན་ཡང་ ད་ཆ་སྲིད་འཛིན་ཀར་ཛཡིའི་ངོས་ནས་ཕྱི་ཟླ་༢ཚེས་༢༣ཉིན་གྲོས་ཚོགས་དབུ་འབྱེད་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ཕན་ཚུན་ཞི་འགྲིག་བྱུང་བ་འདིའི་འོག་ནས་ད་ཆ་ སྲིད་འཛིན་དབུ་ཞུགས་ཀྱི་ཐོག་ནས་གྲོས་ཚོགས་འགོ་འཛུགས་ཐུབ་རྒྱུ་དང་ ཨཕ་ག་ནིསི་གྱི་མང་གཙོའི་གཞུང་འཛིན་གྱི་ཁྲིམས་བཟོའི་ལས་འཆར་གལ་ཆེ་མང་དག་ཅིག་ད་ཆ་མཇུག་སྐྱོང་བྱེད་ཐུབ་པ་ཡོང་རྒྱུ་ཡིན་པ་གསུངས་ཤིང་ ཡང་ཨ་མི་རི་ཀའི་གཞུང་གིས་འགལ་ཟླའི་གནད་དོན་ཁག་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་པ་བྱུང་བ་དེས་ ཨཕ་ག་ནིསི་ཐན་གྱི་མང་གཙོའི་འཕེལ་རིམ་གྱི་ནང་ཕན་ཐོགས་ཡོད་པའི་རྩོད་པ་བྱེད་ཐུབ་པའི་ནུས་པ་ཡོད་པ་གསལ་སྟོན་བྱས་པ་ཞིག་ཡིན་པ་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎