དྲ་རྒྱའི་ཐོག་་སོ་ཉུལ་བྱེད་མཁན་རྒྱ་ནག་གཙོ་བོ་ཡིན།

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་ཨ་རིའི་བདེ་སྲུང་ལས་ཁང་ལ་སོགས་པར་སོ་མྱུལ་བྱེད་མཁན་རྒྱ་ནག་གཙོ་བོ་ཡིན་སྐོར།

2011.08.03

༄༅༎འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་ ཨ་རིའི་བདེ་སྲུང་ལས་ཁང་ཆེ་ཁག་

ཐེ་པའི་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་༧༠ལྷག་ཙམ་གྱི་དྲ་རྒྱ་ཁག་སོ་མྱུལ་

བྱ་ཡུལ་ལྟེ་བ་ཞིག་དུ་གྱུར་ཡོད་པ་དང༌། དེའང་སོ་མྱུལ་བྱེད་མཁན་རྒྱ་ནག་གཙོ་བོ་ཡིན་སྐོར་ མེཁ་ཁ་ཕི བདེ་འཇགས་ཁེ་ལས་ཁང་གིས་བརྗོད་ཡོད་སྐོར་ དེ་རིང་ཨ་རིའི་ ལྦ་ཤིང་ཊོན་པོས་ཊ་ གསར་ཤོག་ནང་གནས་ཚུལ་ཐོན་འདུག།

མེཁ་ཁ་ཕི་ ཁེ་ལས་ཁང་གིས་ཡུན་རིང་ཞིབ་འཇུག་གནང་བའི་གྲུབ་འབྲས་སུ་

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ལས་ཁང་ཁག་གི་ཀམ་པིའུ་ཊར་ དྲ་གནས་དང༌། ཨ་རིའི་ནུས་ཤུགས་ཚན་པའི་ཚན་རིགས་རྟོག་ཞིབ་ཁང་དང༌། ཨ་རིའི་རྒྱལ་སྲུང་ལས་ཁང་ཁག་གི་གནས་འཕྲིན་དྲ་རྒྱའི་ནང་བར་འཛུལ་བྱས་ནས་གསང་བ་རྐུ་འཁྱེར་བྱ་རྒྱུའི་ཐབས་ཤེས་བྱེད་བཞིན་ཡོད་པའི་གནད་དོན་རྩད་གཅོད་ཐུབ་ཡོད་པ་དང༌། དེའང་ལོ་མང་པོ་བསྟུད་མར་གནས་འཕྲིན་དྲ་རྒྱའི་གསང་བ་རྐུ་འཁྱེར་བྱས་པ་ར་འཕྲོད་གསལ་པོ་བྱུང་འདུག།

མེཁ་ཁ་ཕི ཁེ་གཉེར་ལས་ཁང་གིས་ཞིབ་འཇུག་སྙན་ཐོའི་ནང༌། རྒྱལ་སྤྱིའི་སྒྲིག་འཛུགས་༧༢ཙམ་ཟུར་བཏོན་གནང་ཡོད་པའི་ཁོངས་སུ། ཨ་རིའི་ནང་ལས་ཁང་༤༩ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎