རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་ཞེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ།

2024.09.25
རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་དགོས་ཞེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ། རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྐབས། ༢༠༢༤།༠༩།༢༥ ཉིན།
Sonam Tsering

རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་མེད་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་སྣང་དང་རྒྱབ་རོགས་ཡོང་བ། བོད་རང་བཙན་འཐབ་རྩོད་ཀྱི་ཐོག་རྒྱ་གར་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་མཐུན་འགྱུར་བ་ཡོང་བ་བཅས་ལ་དམིགས་ཏེ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གོ་སྒྲིག་འོག རྒྱ་གར་ནང་གི་རྒྱ་ནག་གཞུང་ཚབ་བཙུགས་ནས་ལོ་ ༧༠ འཁོར་བའི་དུས་དྲན་ཞིག་ཕྱི་ཟླ་ ༩ པའི་ཚེས་ ༢༤ ཉིན་སྲུང་བརྩི་བྱེད་བཞིན་པར་ངོ་རྒོལ་མཚོན་ཆེད། ཉིན་དེར་རྒྱ་གར་ལྡེ་ར་ལྡུན་ནང་རྟེན་གཞི་བྱས་པའི་བདེ་སྐྱིད་གླིང་གཞིས་ཆགས་ནས་མགོ་འཛུགས་ཀྱིས། བོད་མི་ལྔ་བཅུ་ལྷག་གིས་རྐང་འཁོར་སྐོར་བསྐྱོད་ཅིག་རྒྱ་གར་རྒྱལ་ས་ལྡི་ལི་བར་དུ་གནང་གི་ཡོད་སྐོར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ནས། ཁོང་ཚོས་ལམ་བར་དུ་སྡེ་ཚན་འདྲ་མིན་གྱི་ཐོག་ཡིག་ཆ་འགྲེམས་སྤེལ་གནང་མཁན་དང་། སྤྱི་ཚོགས་དྲ་ལམ་གྱི་བརྒྱུད་སྤེལ་དོ་དམ་པ་ཆེད་དུ་བཙུགས་ཡོད་པ། དང་བླངས་ལས་འགུལ་བ་ཚོར་སྨན་བཅོས་མཐུན་རྐྱེན་གྱི་སྨན་ཁང་གི་རླངས་འཁོར་དང་སྨན་ཞབས་པ་སོགས་གོ་སྒྲིག་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྐང་འཁོར་བསྐོར་བསྐྱོད་པ་རྣམས་ཕྱི་ཟླ་ ༩ པའི་ཚེས་ ༢༧ ཉིན་རྒྱ་གར་གྲོང་ཁྱེར་ཅན་ལྡི་གྷར་ནང་འབྱོར་རྒྱུ་དང་བསྟུན། བོད་དོན་གོ་རྟོགས་དང་གསར་འགོད་གསལ་བསྒྲགས་རྒྱས་པ་ཞིག་སྤེལ་འཆར་མ་ཟད། ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་འབྱོར་འཕྲལ། བོད་སྒར་བསམ་ཡས་གླིང་ནས་བདག་ཉིད་ཆེན་པོ་གྷན་ངྷིའི་སྐུ་གདུང་ཞུགས་འབུལ་གནང་ས་རཱ་ཇི་གྷིར་བར་ཞི་བའི་གོམ་བགྲོད་གནང་འཆར་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ནས་ཚོགས་ཆུང་གཏན་འབེབས་ཀྱིས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་རྒྱལ་ཁབ་འདྲ་མིན་གྱི་གཞུང་ཚབ་ཁག་གི་ནང་ཞུ་གཏུག་ལས་འགུལ་རྒྱས་པ་ཞིག་ཀྱང་གནང་འཆར་ཡོད་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས་འགྲེལ་བརྗོད་གནང་གི་འདུག

ཕྱི་ཚེས་ ༢༥ ཉིན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་རྐང་འཁོར་བསྐོར་བསྐྱོད་ལས་འགུལ་བ་རྣམས། རྒྱ་གར་ཧི་མ་ཅལ་མངའ་སྡེའི་པོཎ་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་འབྱོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཀྱང་དེ་གར་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པར་བརྟེན། ཕྱི་ཟླ་༩ པའི་ཚེས་ ༢༥ ཉིན་གྱི་ལས་འགུལ་དབུ་འབྱེད་དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གནང་ཡོད་པ་དང་། བོད་རང་བཙན་གྱི་ལྟ་བ་འཛིན་མཁན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎