འདྲ་པར་རྒྱབ་པར་བརྟེན་བོད་མི་གཉིས་འཇུ་བཟུང་བྱས་འདུག
2014.09.01

སྡེ་དགེ་འདན་མ་གཡོན་ཐོག་སྡེ་པའི་བོད་མི་གཉིས་ས་གནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འཇུ་བཟུང་བྱས་འདུག
སྡེ་དགེ་འདན་མ་ཤུག་པ་སྡེ་བའི་ཐག་ཉེར་ཡོད་པའི་གཡུ་འབྲུག་སྡེ་པ་ནས་ཡིན་པའི་ཚེ་ཀོ་དང་། པད་རྒྱལ་གཉིས་ཀྱིས་ཟླ་སྔོན་མའི་ཚེས་༢༨འམ་༢༩གང་རུང་ཞིག་ཏུ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ཟླ་བ་སྔོན་མའི་ཚེས་༡༡ཉིན་འདན་མ་ཁུལ་ཤུག་པ་སྡེ་པའི་སྡེ་དཔོན་དབང་གྲགས་ལགས་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་པའི་རྗེས་ས་གནས་མི་མང་ཚོས་ཁོང་གློད་བཀྲོལ་ཐོབ་ཆེད་ཞུ་འབོད་བྱས་པའི་གནས་ཚུལ་དཔར་རྒྱབ་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཚུལ་བཤད་བཞིན་པ་དང་། དོན་རྐྱེན་དེ་བྱུང་བའི་སྐབས་འཛིན་བཟུང་བྱས་པའི་ས་གནས་བོད་མི་ཁག་ཅིག་རིམ་པས་གློད་བཀྲོལ་བྱུང་ཡོད་ཀྱང་སྡེ་དཔོན་དབང་གྲགས་ད་དུང་ཡང་གློད་བཀྲོལ་མ་བྱུང་བར་སྤུན་ཉེ་དང་ས་གནས་མི་མང་ཚོས་ཁོང་གར་ཡོད་ཤེས་རྟོགས་མེད་པ་མ་ཟད། ས་གནས་སུ་རྒྱ་ནག་གི་དམག་མིས་མུ་མཐུད་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག ཞིབ་ཕྲའི་གནས་ཚུལ་འདི་གའི་གསར་འགོད་པ་པད་མ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།