དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་བཞག

༎རྒྱ་ནག་གཞུང་གིས་ཨ་མདོ་མགོ་ལོག་ར་རྒྱ་དགོན་པའི་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་བཞག

2009.12.16

༄༅༎རྒྱ་ནག་གཞུང་གིས་ཨ་མདོ་མགོ་ལོག་ར་རྒྱ་དགོན་པའི་དགེ་འདུན་པ་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་བཞག

བོད་ཀྱི་དུས་བབ་གསར་ཤོག་ནང་གནས་ཚུལ་བཀོད་པ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་བརྒྱད་ཉིན་མགོ་ལོག་རྨ་ཆེན་རྫོང་མི་མང་ཁྲིམས་ཁང་ནས་ཨ་མདོ་ར་རྒྱ་དགོན་པའི་དགེ་འདུན་པ་བློ་དར་ལགས་སུ་བཙོན་འཇུག་ལོ་གཅིག་བྱ་རྒྱུ་དང་མན་ངག་རྡོ་རྗེ་ལགས་ལ་བཙོན་འཇུག་ལོ་གསུམ་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད་། རྒྱ་ནག་ཕྱོགས་ནས་ཤོད་ཡས་ལ་ཁོང་གཉིས་པོས་ད་ལོའི་ལོ་མགོར་མགོ་ལོག་ར་རྒྱ་ས་ཁུལ་གྱི་བོད་པ་ཚོས་རྒྱ་ནག་གཞུང་གི་དབང་འགྱུར་ལ་ཞི་རྒོལ་ཆེན་པོ་བྱས་པའི་སྐབས་ལས་འགུལ་སྣེ་ཁྲིད་བྱེད་མཁན་གྲས་རེད་ཟེར་ནས། ཁོང་གཉིས་པོ་ཟླ་གཅིག་གི་གོང་ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད་། གོང་གསལ་གྱི་དགེ་འདུན་པ་ཁོང་གཉིས་འཁྲུངས་ཡུལ་མགོ་ལོག་ར་རྒྱ་ཆུ་བ་དང་ར་རྒྱ་དགོན་པར་སློབ་གཉེར་གནང་མུས་ཡིན་པ་རེད་། 

ན་ནིང་བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་བོད་པ་ཚོས་རྒྱ་ནག་གཞུང་གི་དབང་འགྱུར་ལ་ཞི་རྒོལ་ཆེན་པོ་བྱས་པ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་། གྲ་བཙུན་མང་པོ་འཛིན་བཟུང་བྱས་ནས་ཁྲིམས་ཐག་གཅོད་བཞིན་ཡོད་པ་དེར་ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ནས་བོད་པ་ཚོར་དྲང་འདྲེན་གྱི་ཁྲིམས་བཤེར་མ་བྱས་པར་ཁྲིམས་ཐག་བཅད་ཀྱི་ཡོད་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎