རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་གཉིས་བསད་འདུག


2015.10.21
ཧྥེ་ལི་པིན་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ལ་མེ་མདའ་རྒྱབ་པར་མྱུར་སྐྱོབ་བྱེད་བཞིན་པ། ༢༠༡༥།༡༠།༢༡ ཧྥེ་ལི་པིན་ནང་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ལ་མེ་མདའ་རྒྱབ་པར་མྱུར་སྐྱོབ་བྱེད་བཞིན་པ། ༢༠༡༥།༡༠།༢༡
དྲ་བཤུས། youtube

ཧྥེ་ལི་པིན་(Philippine)ནང་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་པ་གཉིས་དམར་བསད་གཏང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་༢༡ཉིན་ཧྥེ་ལི་པིན་གྱི་རྒྱལ་ས་(Manila)ནས་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ལྷག་པའི་ཉིན་ཧྥེ་ལི་པིན་(Philippine)གྱི་Cebu ཞེས་པའི་གྲོང་ཁྱེར་ནང་། ས་གནས་དེའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་དང་། ལས་རོགས་གཉིས་ཟ་ཁང་ཞིག་ནང་། ཉིན་གུང་ཁ་ལག་ཟ་བཞིན་པའི་སྐབས་གློ་བུར་རྒྱ་རིགས་བེུད་ཅིག་ནས་མེ་མདའ་རྒྱབ་དེ་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་ལ་རྨས་སྐྱོན་ཕོག་པ་དང་། གཞན་ལས་བྱེད་གཉིས་པོ་རྐྱེན་འདས་སུ་བཏང་ཡོད་འདུག  
གྲོང་ཁྱེར་ཉེན་རྟོག་སྤྱི་ཁྱབ་པ་Banasཞུ་བས་ས་གནས་ཀྱི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་Song Ronghuaཟེར་བ་དེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། མེ་མདའ་རྒྱབ་མཁན་རྒྱ་རིགས་བེུད་དང་ཁོ་མོའི་བཟའ་ཟླ་གཉིས་ཉེན་རྟོག་མི་སྣས་འཛིན་བཟུང་བྱས་ཏེ་ད་ལྟ་འདྲི་རྩད་བྱེད་བཞིན་ཡོད་པ་བརྗོད་འདུག
ཉེན་རྟོག་སྤྱི་ཁྱབ་པས་མུ་མཐུད་བརྗོད་པར་གཞིགས་ན། ད་ལྟའི་ཆར་མེ་མདའ་རྒྱབ་དགོས་པའི་རྒྱུ་མཚན་ཤེས་ཐབས་བྱེད་བཞིན་པ་དང་། དོགས་གཞི་ཅན་གྱི་རྒྱ་རིགས་བེུད་དེ་འཛིན་བཟུང་འོག་ཡོད་ཀྱང་ཁོ་མོར་འདྲི་རྩད་བྱེད་པར་རྒྱ་སྐད་ཤེས་མཁན་གྱི་སྐད་བསྒྱུར་འཚོལ་བཞིན་ཡོད་ཅེས་དང་། ཡང་ཉེན་རྟོག་པས་འདྲི་རྩད་བྱ་སྐབས་དོགས་གཞི་ཅན་གྱི་མེ་མདའ་རྒྱབ་མཁན་རྒྱ་རིགས་བེུད་དང་། ཁོ་མོིའི་བཟའ་ཟླ་གཉིས་ནས་ཁོང་གཉིས་ལ་Diplomatic Immunityའམ་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་ཀྱི་ལས་བྱེད་ལ་ཁྲིམས་ཐོག་ནས་ཆག་ཡང་ཡོད་པའི་གནས་བབས་ལུང་འདྲེན་བྱེད་ཀྱི་ཡོད་ལུགས་གསུངས་འདུག
ད་རེས་ཀྱི་དོན་རྐྱེན་དེའི་ཐོག་རོ་ཨི་ཀྲར་གསར་ལས་ཁང་གིས་Philippineགྱི་ཕྱི་སྲིད་ལས་ཁུངས་དང་། རྒྱལ་ས་Manilaལ་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་གཉིས་ལ་འདྲི་རྩད་བྱས་ཀྱང་ཡ་ལན་གང་ཡང་བྱུང་མིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎