མཛོད་དགེ་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་འཇུ་བཟུང་།


2016.09.09
མཛོད་དགེ་སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་། མཛོད་དགེ་སོག་ཚང་དགོན་བཀྲ་ཤིས་ཐེག་མཆོག་གླིང་།
དྲ་བཤུས།/TCHRD

མཛོད་དགེ་སོག་ཚང་དགོན་པའི་དགེ་འདུན་པ་གཉིས་རྒྱ་ནག་གིས་འཇུ་བཟུང་རྗེས་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད་འདུག
དེ་ཡང་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་གྱིས་གནས་ཚུལ་བཏང་བ་ལྟར་ན། ཉེ་ཆར་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་ལགས་དང་། བློ་བཟང་ཤེས་རབ་ལགས་གཉིས་རྒྱ་ནག་གི་ཉེན་རྟོག་པས་གློ་བུར་གྲྭ་ཤག་ནས་འཇུ་བཟུང་རྗེས་ད་ལྟ་གནས་སྟངས་ཤེས་རྟོགས་མེད་པར་གྱུར་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཁོ་གཉིས་ཉེ་ཆར་ཕྱི་ཟླ་༨་ཚེས་༢༤་ཉིན་གྱི་མཚན་མོར་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སླེབས་ཏེ་སོ་སོར་གྲྭ་ཤག་ནས་འཛིན་བཟུང་བཙན་ཁྲིད་བྱས་བ་ཡིན་པ་དང་། སྐབས་དེར་རྒྱུ་མཚན་སོགས་གང་ཡང་མ་བཤད་པར་བཙན་གྱིས་འཇུ་བཟུང་གིས་ཁྲིད་ཡོད་འདུག་ལ་བློ་བཟང་ཤེས་རབ་ལགས་འཇུ་བཟུང་སྐབས་མི་ལྔ་དྲུག་ཞིག་གིས་མནན་ཏེ་ཡར་ལངས་མ་བཅུག་པས་ཕར་ཚུར་འཕག་འཚག་རྒྱབ་སྐབས་རྐང་ལག་གི་སྐྱིན་པགས་བཤུས་པ་ལ་སོགས་པའི་རྨས་སྐྱོན་ཅུང་ཙམ་ཡང་བཟོས་ཡོད་པ་མ་ཟད། གདོང་ལ་མེ་མདའ་བཙུགས་ནས་ཤག་རོགས་ལ་འཇིགས་སྐུལ་བྱས་ཡོད་པ་སོགས་ཀྱང་བརྗོད་འདུག
གོང་གི་མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་ལགས་ནི་དགུང་ལོ་༣༩་ཡས་མས་དང་། སོག་ཚང་དགོན་པའི་རྒྱུད་པ་གྲྭ་ཚང་གི་དགེ་འདུན་པ་རྒན་གྲས་དང་སོག་ཚང་སྡེ་བའི་མི་ཡིན་པར་ད་སྐབས་དགོན་པའི་གཞུང་གཉེར་ཡིན་འདུག
དེ་བཞིན་དགུང་ལོ་༣༥་ཙམ་ཡིན་པ་གྲ་བློ་བཟང་ཤེས་རབས་ལགས་ཀྱང་རྒྱུད་པ་གྲ་ཚང་གི་གྲ་པ་ཡིན་པ་དང་དགོན་པའི་ཚོང་ཁང་གི་དོ་དམ་པ་ཡིན་འདུག་ལ་ཁོང་གི་སྐྱེས་ཡུལ་ནི་ཐང་སྐོར་ཡུལ་ཚོའི་མགོ་སེར་སྡེ་པ་ནས་ཡིན་འདུག  
མང་ཚོགས་ཁྲོད་ཁོང་གཉིས་འཇུ་བཟུང་བྱས་དོན་ནི་བོད་ཕྱི་ཕྱོགས་ཀྱི་གསར་འགྱུར་གནས་ཚུལ་རིགས་ལ་བལྟ་ཉན་བྱས་བ་ཡིན་ཚུལ་སོགས་གྱི་ཚོད་དཔག་དང་། འཇུ་བཟུང་རྗེས་ཕལ་ཆེར་རྒྱ་ནག་ཟི་ཁྲོན་ཁྲིན་ཏུའུ་ཕྱོགས་སུ་བཙན་ཁྲིད་བྱས་སྐོར་གྱི་གླེང་ཕྱོགས་ཙམ་ལས་དོན་དངོས་ད་ཆ་གནས་སྟངས་གསལ་ཁ་གང་ཡང་མེད་པ་རེད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎