མགོ་ལོག་པདྨ་རྫོང་དུ་རང་ལུས་མེར་སྲེག
2013.11.11

༄༅༎ཕྱི་ཟླ་༡༡ཚེས་༡༡རེས་གཟའ་ཟླ་བ་བོད་ནང་གི་ཆུ་ཚོད་ ༥།༣༠ ཡས་མས་ལ། མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་པདྨ་མ་རྫོང་ཨ་སྐྱོང་དགོན་པའི་དགེ་འདུན་པ་ཚེ་རིང་རྒྱལ་ལགས་ཀྱིས་པདྨ་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་ཡོད་འདུག
མཐོང་མཁན་ཚོས་བཤད་ན།མེར་སྲེག་གནང་མཁན་ཁོང་ད་ལྟ་སྐུ་གྲོངས་མེད་ཀྱང་རྒྱ་གཞུང་གིས་བཙན་འཕྲོག་གིས་སྨན་ཁང་དུ་འཁྱེར་ཡོད་པ་དང༌། སྨན་ཁང་དམག་མིས་བསྐོར་ཏེ་དམ་བསྒྲགས་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག