དམངས་གཙོ་དོན་གཉེར་བ་བཀྲོངས་ཐབས་བྱེད་མཁན་ཁྲིམས་ཞིབ།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་བཀྲོངས་ཐབས་ཀྱི་ངན་བྱུས་བྱེད་མཁན་ཡིན་པར་དོགས་པ་བྱེད་སའི་མི་བཅུ་གསུམ་ལ་ཁྲིམས་ཞིབ་བྱས་འདུག

2009.07.22

༄༅༎ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མའར་ཊིན་ལི་བཀྲོངས་ཐབས་ཀྱི་ལྐོག་བྱུས་ངན་གཤོམ་བྱེད་མཁན་ཡིན་པར་དོགས་པ་བྱེད་སའི་ཧོང་ཀོང་གི་མི་ངན་རུ་ཁག་གི་གཙོ་བོ་མི་གཉིས་ཐེ་པའི་ཁྱོན་མི་གྲངས་བཅུ་གསུམ་ལ་དེ་རིང་རྒྱ་ནག་ལྷོ་ཕྱོགས་ཧྲེན་ཀྲེན་ནང་གི་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁྲིམས་ཞིབ་བྱས་ཡོད་སྐོར་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་འདུག

ལོ་གྲངས་དྲུག་ཅུ་རེ་བདུན་ལ་ཕེབས་པའི་ཏུང་རྔ་མན་དང་ལོ་དྲུག་ཅུ་རེ་གསུམ་ཡིན་པའི་ཡུ་ལྦེ་ཧྲན་གཉིས་ཐོག་དམངས་གཙོ་དོན་གཉེར་བ་མའར་ཊིན་ལི་བཀྲོངས་ཐབས་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་དེ་འཕྲོས་མི་གྲངས་བཅུ་གཅིག་ཐོག་གཞན་ལ་རྨས་སྐྱོན་གཏོང་རྒྱུའི་ཐབས་ཤེས་བྱས་པའི་ནག་ཉེས་ཕོག་ཡོད་པ་རེད།

གོང་ཞུས་མི་དེ་ཚོར་ཁྲིམས་ཁང་གིས་ཁྲིམས་ཞིབ་བྱེད་སྐབས་གསར་འགོད་པ་དང་ཁོང་ཚོའི་གཉེན་ཚན་ཚོ་ཁྲིམས་ཁང་ནང་བཏང་མེད་པའི་སྐོར་ལྷོ་རྒྱ་ནག་གི་སྔ་དྲོ་ཕོ་ཉ་ཞེས་པའི་གསར་ཤོག་ནང་གནས་ཚུལ་སྤེལ་ཡོད་པ་དང་ཁྲིམས་ཁང་གིས་ཁོང་ཚོའི་ཐོག་ཁྲིམས་ཞིབ་མུ་མཐུད་ཉིན་འགའ་ཤས་རིང་བྱེད་སྲིད་པ་རེད་འདུག

ཟླ་བ་འདིའི་ནང་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡིན་པའི་མི་ཞིག་ལ་མའར་ཊིན་ལི་ལ་གནོད་འཚེ་བྱ་རྒྱུའི་བསམ་ངན་བཅངས་ནས་མེ་མདའ་འཁྱེར་བའི་ནག་ཉེས་བཙུགས་ཏེ་ལོ་བཅུ་དྲུག་རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད། དེ་བཞིན་ཧོང་ཀོང་ཁྲིམས་ཁང་གིས་ཧོང་ཀོང་ནང་གི་གསར་འགྱུར་བརྒྱུད་ལམ་གྱི་བདག་པོ་ཇི་མི་ལའེ་བཀྲོངས་ཐབས་བྱེད་མཁན་གྱི་མི་གཞན་ཞིག་ལ་ལོ་གསུམ་རིང་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད།

ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀྱི་ཁྲིམས་སྲོལ་ལམ་ལུགས་ཁག་ཁག་ཡིན་ཞིང་དེ་ནི་ཕྱི་ལོ་༡༩༩༩ལོར་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྐབས་ཧོང་ཀོང་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་དབར་གྲོས་མཐུན་བྱུང་བའི་གནད་དོན་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎