རྒྱ་ནག་དང་ཐེ་ལྦན་གྱི་ཚོང་དོན་ཆིངས་ཡིག་འཇོག་རྒྱུའི་སྐོར།

རྒྱ་ནག་དང་ཐེ་ལྦན་དབར་ཚོང་དོན་མཉམ་ལས་ཀྱི་ཆིངས་ཡིག་ལ་ས་རྟགས་བཀོད་རྒྱུར་མི་འདོད་པའི་རྣམ་འགྱུར་བཏོན་གྱི་ཡོད་པའི་གནས་ཚུལ།

2010.06.30

༄༅༎རྒྱ་ནག་དང་ཐེ་ལྦན་དབར་ཕྱི་ཚེས་༢༩ཉིན་ཚོང་དོན་མཉམ་ལས་ཀྱི་ཆིངས་ཡིག་ལ་དངོས་སུ་ས་རྟགས་བཀོད་ཡོད་པདང་ ཡིན་ནའི་ཐེ་ལྦན་ནང་མི་མང་པོས་ཚོང་འབྲེལ་ཆིངས་ཡིག་དེ་རིགས་ལ་ས་རྟགས་བཀོད་ནས་ཐེ་ལྦན་གྱི་རང་དབང་ལྡན་པའི་དཔལ་འབྱོར་ཁྲོམ་རར་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་སྲིད་པ་མ་ཟད་ ཐ་ན་ཐེ་ལྦན་གྱི་ཆབ་སྲིད་དང་བདག་དབང་གནད་དོན་ཐོག་ལ་ཡང་ཉེན་ཚབ་བཟོ་གཞི་ཞིག་ཆགས་ཀྱི་ཡོད་པར་སེམས་ཚབ་ཀྱིས་ རྒྱ་ནག་དང་ཐེ་ལྦན་དབར་ཚོང་དོན་མཉམ་ལས་ཀྱི་ཆིངས་ཡིག་ལ་ས་རྟགས་བཀོད་རྒྱུར་མི་འདོད་པའི་རྣམ་འགྱུར་བཏོན་གྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་གསུང་གི་ཡོད་པ་རེད་

ཐེ་ལྦན་གྱི་རྩོམ་པ་པོ་ཐུང་ཁྲེན་ཡོན་གྱིས་ཐེ་ལྦན་མང་ཚོགས་ཁྲོད་ཆིངས་ཡིག་དེའི་རྒྱབ་ཕྱོགས་སུ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་གྱི་ཡོད་པའི་བསམ་ཚུལ་དེ་སེལ་ཐབས་ཁག་པོ་ཡིན་པ་དང་ རྒྱ་ནག་གཞུང་གིས་ཐེ་ལྦན་གྱི་དཔལ་འབྱོར་ལ་ཁེ་ཕན་ཆེན་པོ་ཡོད་པའི་ཚོང་དོན་གྱི་ཆིངས་ཡིག་དེ་རིགས་འཇོག་ཡས་དེའི་རྒྱབ་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་འཛིན་གྱི་མེད་ཅེས་སུས་བརྗོད་ཐུབ་ཀྱི་རེད་དམ་ཞེས་གསུང་ཡོད་པ་རེད་

རྒྱ་ནག་དང་ཐེ་ལྦན་དབར་སྲིད་འཛིན་མའ་དབྱིང་ཇའུ་ཡིས་ཐེ་ལྦན་གྱི་སྲིད་དབང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་འཛིན་པའི་རྗེས་ཚོང་དོན་འབྲེལ་ལམ་ཟབ་ཏུ་བཏང་ནས་ཕྱི་ལོ་ཉིས་སྟོང་ལོར་ཐེ་ལྦན་ལ་ཨ་སྒོར་ཐེར་འབུམ་༣༧དང་གྲངས་ཆུང་དྲུག་ཙམ་གྱི་རྒྱ་ནག་དང་ཚོང་འབྲེལ་ཐོག་ནས་ཁེ་སང་ཐོབ་ཡོད་པ་དང་ ད་རེས་ཕྱོགས་གཉིས་དབར་གསར་དུ་བཞག་པའི་ཚོང་དོན་མཉམ་ལས་ཀྱི་ཆིངས་ཡིག་དེ་གཞིར་བཟུང་ཐེ་ལྦན་གྱི་ཁེ་ལས་ཚོང་དོན་ཁང་གི་དངོས་ཟོག་ཁག་༥༠༠ཙམ་རྒྱ་ནག་ནང་ཕྱིར་འདྲེན་བྱེད་པའི་སྐབས་དཔྱ་ཁྲལ་ཆགས་ཡངས་ཀྱི་ཁེ་ཕན་ཐོབ་རྒྱུ་དང་  རྒྱ་ནག་གི་དངོས་ཟོག་ཁག་༣༠༠ཙམ་ལ་ཐེ་ལྦན་གྱི་དཔྱ་ཁྲལ་མི་དགོས་པའི་ཁེ་ཕན་ཐོབ་རྒྱུ་ཡིན་པ་སོགས་ཆིངས་ཡིག་གི་ནང་དོན་ལྟར་ན་རྒྱ་ནག་ལས་ཐེ་ལྦན་ལ་ཚོང་དོན་ཐོག་ཁེ་ཕན་ཆེ་བ་ཡོད་པ་རེད་ 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎