བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་སྔོན་རྩིས་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་མ་ཟིན་ཙམ་གཏན་འབེབས་གནང་།

2021.03.23
བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་གྲོན་སྔོན་རྩིས་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་མ་ཟིན་ཙམ་གཏན་འབེབས་གནང་། སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ཐོག ༣།༢༣།༢༡
དྲ་བཤུས།/TTV

བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡-༢༠༢༢ལོའི་འགྲོ་གྲོན་སྔོན་རྩིས་ཧིན་སྒོར་ས་ཡ་ཉིས་སྟོང་བདུན་བརྒྱ་མ་ཟིན་ཙམ་གྲོས་ཚོགས་ནང་སྤྱི་མོས་གཏན་འབེབས་གནང་སོང་།
སྤྱི་ཟླ་༣པའི་སྤྱི་ཚེས་༢༣ཉིན་བཞུགས་སྒར་རྡ་རམ་ས་ལར་སྐབས་༡༦པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠པའི་ལས་ཉིན་༨པར། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༡-༢༢ལོའི་ལས་ཁུངས་མ་ལག་དང་བཅས་པའི་དགོས་དངུལ་སྔོན་རྩིས་གཏན་འབེབས་གནང་ཡོད་པ་དང་། སྔོན་རྩིས་མ་དངུལ་ནས་རྒྱུན་གྲོན་དང་དམིགས་བསལ་འགྲོ་འཆར་ཧིན་སྒོར་ས་ཡ་༧༧༢དང་ལྔ་འབུམ་དགུ་ཁྲི་བདུན་སྟོང་བརྒྱ་དང་གྱ་གཉིས་༼༥༩༧༡༨༢༽དང་། རྩིས་ལོའི་ནང་ཟུར་བཀོལ་རྩིས་ཁོངས་ནས་འགྲོ་འཆར་ས་ཡ་༡༩༢༥དང་ལྔ་འབུམ་གསུམ་ཁྲི་བཞི་སྟོང་སུམ་བརྒྱ་བཅུ་དྲུག་༼༣༤༣༡༦༽ བསྡོམས་དངུལ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་ས་ཡ་༢༦༩༨དང་གཅིག་འབུམ་གསུམ་ཁྲི་ཆིག་སྟོང་བཞི་བརྒྱ་གོ་བརྒྱད་༼༣༡༤༩༨༽སྤྱི་མོས་གཏན་འབེབ་གནང་སོང་།
ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་༡༡གི་དགོངས་དོན་ལྟར། ཕྱོགས་བསྡོམས་མ་དངུལ་ནང་མ་ཚུད་པའི་བཀའ་འཁྲོལ་ཁག་སྟེ། ༼དང་པོ།༽ རྩིས་ལོའི་ནང་བྷེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་ཀྱི་འགྲོ་འཆར་ས་ཡ་༣༤དང་གསུམ་འབུམ་བདུན་ཁྲི་ཉིས་བརྒྱ་གྱ་བཞི་༼༧༠༢༨༤༽ ༼གཉིས་པ། ༽ རྩིས་ལོའི་ནང་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་གསུམ་བཅས་ནས་སྔོན་རྩིས་འགྲོ་འཆར་ས་ཡ་༡༩དང་གསུམ་འབུམ་ལྔ་ཁྲི་ཉིས་སྟོང་དོན་དགུ་༥༢༠༧༩བསྡོམས་ཧིན་སྒོར་ས་ཡ་༥༣དང་བདུན་འབུམ་ཉིས་ཁྲི་ཉིས་སྟོང་སུམ་བརྒྱ་རེ་གསུམ་༼༢༢༣༦༣༽བཅས་ཡིན་པ་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྙན་སྒྲོན་གནང་ཡོད་པ་རེད།
གཞན་ཡང་གོང་གསལ་དངུལ་འབོར་ཡོངས་རྫོགས་ཀྱི་དཔལ་འབྱོར་དབང་ཚད་དང་། རྩིས་ཀྱི་འགན་འཁུར་ཆ་ཚང་བཀའ་ཤག་ལ་ཡོད་ཅིང་། དཔལ་འབྱོར་བཀའ་བློན་བརྒྱུད་དབང་ཚད་ཁྱབ་བསྒྱུར་བྱ་རྒྱུ་དང་། སྒྲིག་གཞི་ལྟར་གཤམ་འོག་སྲི་ཞུ་བ་རྣམས་ལ་དགོས་ངེས་ཀྱི་དཔལ་འབྱོར་དབང་ཚད་དང་རྩིས་ཀྱི་འགན་འཁུར་སྤྲད་དེ་གཏོང་ལེན་འགན་འཛིན་དུ་འཛིན་སྐྱོང་བཀོད་ཁྱབ་བརྒྱུད་བསྐོ་བཞག་བྱ་རྒྱུ་དང་། དགོས་ངེས་དང་ཐུབ་ངེས་ཀྱི་བསྲི་ཚགས་དང་། དུས་ནས་དུས་སུ་ལས་དོན་སྒྲུབ་འབྲས་དང་རྩིས་ཀྱི་ཡིག་ཆ་ཁག་བསྐྱར་ཞིབ་དཔལ་འབྱོར་ལས་ཁུངས་ནས་བྱ་རྒྱུ་དང་། རྩིས་ལོའི་མཇུག་བསྡོམས་རྗེས་རྩིས་ཞིབ་དུས་ཐོག་བྱ་པའི་ལས་ཁུངས་དང་སྡེ་ཚན་ཡོངས་རྫོགས་ཀྱི་རྩིས་ཁྲ་དང་རྩིས་ཞིབ་སྙན་ཤོག་སྤྱི་ལོ༢༠༢༢ལོའི་སྤྱི་ཟླ་༡༢ཚེས་༣༡གོང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་ཟིན་པ་དགོས་རྒྱུ་སོགས་གཏན་འབེབས་གནང་ཡོད་པ་དང་། ཡང་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། སྔོན་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་༡༡གི་དགོངས་དོན་ལྟར། རྩིས་ལོ་༢༠༢༠-༢༠༢༡ལོའི་ལས་ཁུངས་ཁག་གི་སྔོན་རྩིས་བཀའ་ཁྲོལ་ཐོག་བར་བརྒལ་བཀའ་ཁྲོལ་མཐའ་མའི་ཕྱོགས་བསྡོམས་ཀྱི་འགྲོ་གྲོན་སྔོན་རྩིས་དེ་བཞིན་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎