༧གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད།

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་དཔོན་རིགས་ཤིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་འདུག

2011.07.07

༄༅༎ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་དཔོན་རིགས་ཤིག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་འདུག

དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་བསྒྲགས་སྤེལ་བའི་ནང་གསལ་ལྟར་ན། རེས་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ལས་དོན་ཚན་པའི་དྲུང་ཆེ་གཞོན་པ་དང་བོད་དོན་འབྲེལ་མཐུད་པ་ལྕམ་མ་རི་ཡ་ ཨོ་ཀྲེ་རོ་མཆོག་ནས་གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་ཨ་རིའི་ངོས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ངོ་བོ་སོགས་གཅེས་འཛིན་བྱེད་རྒྱུ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་སྐོར་བཀའ་མོལ་བྱུང་ཡོད་ལུགས་གསུངས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མཉམ་ཞི་བདེ་དང་འཚེ་མེད་ཞི་བའི་ལམ་གྱི་ཐོག་ནས་གྲོས་མོལ་གནང་བཞིན་པ་དེར་བསྔགས་བརྗོད་གནང་ཡོད་པ་རེད་ཅེས་གོང་ཞུས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་པ་རེད། ད་ལྟའི་འཆར་ཨ་རིའི་སྲིད་འཛིན་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་མིན་དམིགས་བསལ་གསལ་ཁ་བཏོན་གནང་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎