རྒྱ་གཞུང་གིས་དྲ་རྒྱར་སྟངས་འཛིན་ཇེ་ཆེར་བཀོད་མངགས།
2011.12.11
༄༅༎རྒྱ་ནག་གཞུང་གིས་བརྙན་འཕྲིན་དྲ་རྒྱར་སྟངས་འཛིན་ནན་པོ་བྱེད་དགོས་པའི་བཀོད་མངགས་གནང་སྟེ་རྒྱ་ནག་ནང་ཟིང་ཆ་སྔོན་འགོག་བྱེད་ཐབས་གནང་གི་ཡོད་པ་རེད།
རྒྱ་ནག་གཞུང་གི་འཕྲིན་གཏོང་དྲ་རྒྱ་དྲིལ་བསྒྲགས་ལས་ཁུངས་ཀྱི་འགོ་འཛིན་ཝང་ཁྲེན་གྱིས་འབྲེལ་ཡོད་གཞུང་གི་ལས་བྱེད་པར་བཀོད་ཁྱབ་བཏང་བའི་ནང་། བརྙན་འཕྲིན་དྲ་རྒྱ་བཀོལ་སྤྱོད་བྱས་པ་བརྒྱུད་ནས་མང་ཚོགས་ཀྱི་མང་ཚོགས་ཀྱི་བསམ་ཚུལ་ནང་སྤྱི་ཚོགས་ཀྱི་རིན་ཐང་གོང་འཐོར་གཏོང་རྒྱུའི་བསམ་ཚུལ་སླེབས་ཐབས་བྱེད་དགོས་ཞེས་བཀོད་ཡོད་པ་རེད། དེ་ཡང་ས་ཁུལ་དང་ལྷན་ཁང་ཡོངས་ཀྱིས་བརྙན་འཕྲིན་དྲ་རྒྱ་སོགས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བཀོད་ཁྱབ་བཏང་བའི་སྐོར་རྒྱ་ནག་གཞུང་གི་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཀོད་ཡོད་པ་རེད། རྒྱ་ནག་གུང་གྲན་ཏང་གི་སྲིད་གཞུང་གིས་སྲོལ་རྒྱུན་གསར་འགྱུར་བརྒྱུད་ལམ་ལ་སྟངས་འཛིན་དང་དམ་དྲག་ཤིན་ཏུ་ཆེན་པོ་བྱས་དང་བྱེད་བཞིན་པ་དེ་ལྟར་ཡང༌། དེང་རྒྱ་ནག་ནང་ཨིན་ཊར་ནེཏ་སྟེ་འཕྲིན་གཏོང་དྲ་རྒྱ་སོགས་ཀྱི་ཐད་སྟངས་འཛིན་བྱ་རྒྱུ་དཀའ་ཚེགས་ཆེ་བའི་རང་བཞིན་དུ་འགྱུར་ཡོད་པ་རེད༎