རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོཌ་ཆུང་གི་ཞུ་སྐུལ།

༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བཞེས་རྒྱུ་མིན་པའི་ཐག་གཅོད་གནང་བ་དེས་ཁྲིམས་ཐོག་ཤུགས་རྐྱེན་ག་རེ་ཐེབས་མིན་སྐོར་ཞུ་སྐུལ།

2011.05.18

༄༅༎བོད་དོན་ཐོག་ལ་ཐུགས་འཁུར་བཞེས་མཁན་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ཚོགས་ཆུང་Tibet Justice Centre ཡིས་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་བཞེས་རྒྱུ་མིན་པའི་ཐག་གཅོད་གནང་བ་དེས་ཁྲིམས་ཐོག་ཤུགས་རྐྱེན་ག་རེ་ཐེབས་མིན་སྐོར་ཞུ་སྐུལ་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པ་དང༌། ༧གོང་ས་མཆོག་ལ་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་བཞེས་རྒྱུའི་འབོད་སྐུལ་ཞུས་འདུག།

བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་ཐད་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་ད་རེས་གཟའ་མཇུག་བཞུགས་སྒར་དུ་ཚོགས་གནང་རྒྱུ་ཡིན་པའི་བདུན་གཅིག་གོང་དེར་ Tibet Justice Centre འམ་བོད་དོན་དྲང་བདེན་ལྟེ་གནས་ཁང་གིས་ བོད་ཡིག་དང་དབྱིན་ཡིག་གཉིས་ཀའི་ནང་ཞུ་སྐུལ་སྙན་ཐོ་འགྲེམས་སྤེལ་གནང་ཡོད་པ་དེའི་ནང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབས་་ཐག་གཅོད་གནང་རྒྱུར་དུས་ཡུན་རིང་ཙམ་དགོས་རྒྱུའི་རེ་སྐུལ་ཡང་གནང་བཞག།

གོང་ཞུས་ལྟེ་གནས་ཁང་གི་ཚོགས་གཙོ་ཁྲིམས་ཀྱི་སློབ་དཔོན་རོ་སྦཏ་ཌི་སི་ལོན་(Robert D.Sloane) ཡིས་ ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་དོར་གནང་རྒྱུའི་ཐུགས་ཐག་བཅད་གནང་བ་དེ་ནི་ཁྲིམས་ཐོག་གནད་འགག་ཆེ་བའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་ཏེ། ༧གོང་ས་མཆོག་གི་དགོངས་གཞི་དེ་ནི་བོད་པའི་དམངས་གཙོའི་ལམ་ལུགས་ཀྱི་ཁྱད་ཆོས་ཤིག་ཡིན་པ་ཙམ་མ་ཟད། བཙན་བྱོལ་བོད་གཞུང་དེ་ལོ་རྒྱུས་ལྡན་པ་ཞིག་དང་ལུགས་མཐུན་ཞིག་ཆགས་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་འདུག།

དེ་བཞིན་བོད་དོན་དྲང་བདེན་ལྟེ་གནས་ཁང་གི་འཛིན་སྐྱོང་ངེས་སྟོན་པ་ཇོན་ཨི་སོམ་(John Isom) ཡིས་ རྒྱལ་སྤྱིའི་ཁྲིམས་ལུགས་གཞི་བཟུང་ ༧གོང་ས་མཆོག་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་པའི་ཐོག་ནས་བཙན་བྱོལ་བོད་གཞུང་དེ་ཁྲིམས་མཐུན་གནས་རྒྱུའི་ཁྲིམས་ཀྱི་སྒྲོམ་གཞི་ཞིག་འཆར་འགོད་གནང་ཡོད་པའི་སྐོར་གསུངས་ཏེ། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་དེ་བཞིན་བྲེལ་འཚུབ་ངང་མ་གནང་བར་ཐག་གཅོད་གནང་རྒྱུར་དུས་ཚོད་རིང་ཙམ་གཏོང་གནངདགོས་རྒྱུའི་འབོད་སྐུལ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎