ནག་བསུབ་གཏོང་ཐབས་མེད་པར་གླེང་སློང་བྱེད་རན་རེད།
2014.06.02

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐུ་ཞབས་Dan Southerlandཡིས་པེ་ཅིན་གྱི་དྲུག་བཞིའི་དོན་རྐྱེན་སྐོར་ལ་ཆེད་རྩོམ་སྤེལ་བ།
དེ་སྔོན་ཨ་རིའི་Washington Postགསར་ལས་ཁང་གི་རྒྱ་ནག་པེ་ཅིན་ཡན་ལག་ལས་ཁུངས་ཀྱི་གཙོ་འཛིན་ཟུར་པ་ཡིན་པ་དང་། དེང་སྐབས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་Dan Southerland ལཊ་ཀྱིས་ཟླ་བ་སྔོན་མའི་ཚེས་༣༠་ཉིན་ཨ་རིའི་ནང་སྙན་གྲགས་ཆེ་བའི་ཉིན་རེའི་གསར་ཤོག་The Washington Post ཟེར་བའི་ནང་25 Years after Tiananmen Square, Time to Break the Silence ཞེས་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་ནང་རྒྱ་མིའི་སློབ་ཕྲུག་སྟོང་ཚོ་མང་པོས་རྒྱ་ནག་ནང་དམངས་གཙོའི་ལམ་ལུཊ་དགོས་པའི་ལས་འགུལ་སྤེལ་བའི་ཐོག་དྲག་གནོན་བྱས་ཏེ་མི་ལོ་༢༥་ཕྱིན་པའི་རྗེས་སུ་ཡང་རྒྱ་ནག་གཞུང་གིས་གནད་དོན་དེ་ནག་བསུབ་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ད་ཆ་གནད་དོན་དེའི་སྐོར་གླེང་སློང་བྱ་རྒྱུའི་དུས་ལ་བབ་ཡོད་སྐོར་འཁོད་པའི་ཆེད་རྩོམ་ཞིག་སྤེལ་གནང་ཡོད་པ་དང་། ཆེད་རྩོམ་ནང་། ལོ་༢༥་གོང་ལ་རྒྱ་ནག་གཞུང་གིས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་གོ་མཚོན་ལག་ཆ་མེད་པར་དམངས་གཙོ་དགོས་པའི་ངོ་རྒོལ་རྔམ་སྟོན་པ་ཚོ་སྲུང་སྐྱོབ་བྱེད་མཁན་རྒྱ་མིའི་མི་སེར་ཐོག་གཞུང་གི་དམག་མིས་མེ་མདའ་གང་བྱུང་རྒྱབ་ནས་དྲག་གནོན་བྱས་པའི་རྗེས་སུ་ད་དུང་ཡང་རྒྱ་ནག་གི་དམར་ཤོག་ཚོཌ་པའམ་རྒྱ་ནག་གུང་ཁྲན་ཏང་གིས་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་དེའི་སྐོར་གླེང་མཁན་ཚོ་ཁ་བཙུམས་འཇོག་རྒྱུར་སྔར་ལས་ལྷག་པའི་ཐག་གཅོད་བྱས་ཡོད་ཅིང་། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༥་འཁོར་བའི་དུས་དྲན་སྲུང་བརྩིའི་གོང་ནས་རྒྱ་ནག་གཞུང་གིས་རྒྱ་རིགས་མང་གཙོ་དོན་གཉེར་བ་སོཊ་ཀྱི་ཐོག་དྲག་གནོན་བྱ་རྒྱུ་སྔ་ས་ནས་འགོ་བཙུཊ་པ་མ་ཟད། དམ་བསྒྲཊ་སྔར་བས་ཆེ་བ་བྱེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གཞུང་གིས་རང་གི་དབང་ཆ་ལོག་པར་སྤྱོད་པ་དང་རྒྱ་ནག་ནང་ས་ཆ་དང་ངལ་རྩོལ་བའི་གནད་དོན་ཐོག་རྩོད་གླེང་ཡོད་པ། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་དར་ཁྱབ་ཆེན་པོ་ཡོད་པ་དེ་དག་ནས་རྒྱ་མིའི་དཔོན་རིགས་དང་ཁོང་ཚོའི་ཕྲུ་གུ་ཚོར་ཁེ་ཕན་ཆེན་པོ་ཐོབ་བཞིན་པའི་གནད་དོན་སོཊ་ཀྱི་སྐོར་ལ་རྒྱ་ནག་མི་མང་གིས་ངོ་རྒོལ་ཟིང་ཆ་སློང་ཉེན་མཐོང་ནས་བྱེད་ཀྱི་ཡོད་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད་པ་སོཊ་ཀྱི་གནས་ཚུལ་སྤེལ་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།