བུད་མེད་ཚོས་ཤེས་ཡོན་དང་སློབ་སྦྱོང་ཐད་ཤུཊ་རྒྱག་དགོས།


2017.02.24
༧གོང་ས་མཆོག་གིས་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཞུགས་པ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་གནང་བ། ༢༠༡༧།༢།༢༣ ༧གོང་ས་མཆོག་གིས་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཞུགས་པ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་གནང་བ། ༢༠༡༧།༢།༢༣
OHHDL

ཤེས་ཡོན་དང་སློབ་སྦྱོང་ཐད་དོ་སྣང་དང་ཤུཊ་ཆེ་ཙམ་རྒྱག་ཐུབ་ན་ཕོ་མོ་འདྲ་མཉམ་གྱི་ཆ་རྐྱེན་གཙོ་བོ་དེ་རེད་ཅེས་༧གོང་ས་མཆོག་གིས་བཀའ་གནང་འདུག
ཕྱི་ཟླ་༢་ཚེས་༢༡་ནས་༢༣་བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཉིན་མཐའ་མ་ཉིན་ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་ཅིང་།  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་འདུའི་ཐོག་གཏམ་བཤད་འདྲ་ཆོགས་པོ་ཙམ་བཤད་ནས་མི་འགྲིག་པར། གནད་འགག་ཆེ་ཤོས་ནི་ཚོགས་བཅར་བ་མི་ར་ངོ་རེས་དུས་རྒྱུན་ནས་ལས་དོན་ལག་བསྟར་དང་འབད་བརྩོན་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཁ་ཆག་སྣ་རལ་གྱི་གནས་ཚུལ་མང་པོ་ཞིག་འཕྲད་བཞིན་པ་འདི་དག་ནི་གཙོ་བོ་བྱམས་བརྩེས་མི་འདེང་བ་དང་། ། བྱམས་བརྩེ་དང་འབྲེལ་བའི་ལྷག་བསམ་མེད་པ་ལ་བརྟེན་ནས་བྱུང་བ་ཡིན་པ་བཀའ་གནང་འདུག
ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བེུད་ཚོར་ཕུང་པོའི་གྲུབ་ཆའི་ཐོག་ནས་གཞན་གྱི་སྡུག་བསྔལ་ཚོར་ཐུབ་པ་དང་། བྱམས་པ་སྙིང་རྗེའི་ཚོར་བ་ཤུགས་ཆེ་བ་ཡོང་གི་ཡོད་སྟབས།  བུད་མེད་ཀྱི་འགོ་ཁྲིད་མང་ཙམ་ཡོང་ཐུབ་ན་འཛམ་གླིང་གི་ཞི་བདེ་བསྐྲུན་རྒྱུར་ཕན་ཐོགས་ཡོད་པར་གཟིགས་ཀྱི་ཡོད་ཅེས་དང་། ཚན་རིག་པ་མང་པོས་ཀྱང་བུད་མེད་ཀྱི་ལྷན་སྐྱེས་སུ་ཚོར་བ་སྐྱེན་པ་དང་། བྱམས་སྙིང་རྗེ། དེ་བཞིན་གཞན་ཕན་གྱི་བསམ་བློ་ཤུགས་ཆེ་བ་ཡོད་པར་ར་སྤྲོད་བྱས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
གཞན་ཡང་༧གོང་ས་མཆོག་གིས། བོད་ཀྱི་བུད་མེད་ཚོར་ཧ་ཅང་གི་ཕུན་སུམ་ཚོགས་པོའི་ནུས་པ་ཡོད་པར་བརྟེན་བློ་གྲོས་ཀྱི་ནུས་མཐུ་ལྡན་པ་དང་བྱམས་སྙིང་རྗེའི་སེམས་ཤུགས་ཀྱིས་འཛམ་གླིང་ཞི་བདེའི་སྣེ་འཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཅེས་དང་།  བུད་མེད་ཚོས་ཕོ་མོ་འདྲ་མཉམ་དགོས་ཞེས་བཤད་བསྡད་པ་ཙམ་གྱིས་འགྲིག་ཐབས་མེད་པར། སོ་སོའི་ངོས་ནས་ཤེས་ཡོན་དང་སློབ་སྦྱོང་ཐད་དོ་སྣང་ཤུགས་ཆེ་ཙམ་རྒྱག་ཐུབ་ན་འདྲ་མཉམ་ཡོང་བའི་ཆ་རྐྱེན་གཙོ་བོ་ཡང་དེ་རེད་ཅེས་བཀའ་སློབ་གནང་འདུག།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།
བཀའ་སློབ་ཆ་ཚང་གཤམ་གྱི་དྲ་ཐག་བརྒྱུད་གཟིགས་ཐུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎