ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ།


2017.09.30
 ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ། ༢༠༡༧།༩།༣༠། ཨ་རིའི་ཕྱི་སྲིད་དྲུང་ཆེ་Rex Tillerson མཆོག་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཐུག་འཕྲད་གནང་བའི་སྐབས།
ཨ་རི་ཕྱི་སྲིད་ལྷན་ཁང་གི་དྲ་གནས།

༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་གོ་མཚོན་དང་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་མཚམས་འཇོག་ཡོང་ཐབས་སུ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཐབས་སྐོར་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་སྐབས་བཀའ་བསྡུར་གནང་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་Rex Tillerson མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་པ་དང་། དེ་རིང་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་བའི་སྐབས། ཕྱོགས་གཉིས་དབར་ཉེ་བའི་ཆར་བྱང་ཀོ་རི་ཡའི་གནད་དོན་ཐག་གཅོད་ཀྱི་ཐད་བསམ་ཚུལ་མི་མཐུན་པའི་གནས་སྟངས་ཡོད་མུས་ལ་མ་ལྟོས་པར། རྒྱ་ནག་གི་དཔོན་རིགས་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག  འོན་ཀྱང་དཔོན་རིགས་རྣམ་གཉིས་ཀྱི་མཇལ་འཕྲད་མ་གནང་སྔོན་ཕྱི་ཕྱོགས་སུ་དེའི་སྐོར་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད། ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་Tillerson རྣམ་གཉིས་ཐུག་འཕྲད་གནང་བའི་སྐབས། ཞི་ཅིན་ཕིང་གིས་ད་ལོ་ཕྱི་ཟླ་བཞི་པའི་ནང་ཨ་རིའི་སྲིད་འཛིན་ཏྲམཔ་དང་ཐུག་འཕྲད་གནང་བའི་གནས་ཚུལ་དྲན་གསོ་གནང་སྟེ།  དཔོན་རིགས་རྣམ་གཉིས་དབར་དེའི་རྗེས་ཞལ་པར་བརྒྱུད་ནས་བཀའ་མོལ་ཐེངས་ཁ་ཤས་བྱུང་བ་དང་རིང་མིན་སྲིད་འཛིན་ཏྲམཔ་རྒྱ་ནག་ནང་ཕེབས་རྒྱུར་དགའ་བསུ་ཡོད་ལུགས་སྐོར་གསུངས་འདུག་ལ།  རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་འབད་བརྩོན་གནང་གི་ཡོད་པར་བརྟེན།  ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་རྒྱ་ནག་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་རྒྱུ་དེས་ཡུལ་གཉིས་ཀྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་རྒྱུར་ཕན་ཐོག་ངེས་ཅན་ཞིག་ཡོང་རྒྱུ་ཡིན་པའི་སྐོར་སོགས་བརྗོད་ཡོད་པ་རེད།  ཨ་རིའི་ཕྱི་སྲིད་དྲུང་ཆེ་Tillerson མཆོག་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་བའི་སྐབས་  ཡུལ་གཉིས་ཀྱི་དཔོན་རིགས་དབར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་རྒྱུར། ཨ་རིའི་སྲིད་འཛིན་རྒྱ་ནག་ནང་གི་རྒྱལ་དོན་འཚམས་གཟིགས་དེ་བཞིན་གལ་འགངས་ཆེན་པོ་ཞིག་ཡིན་པ་གསུངས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ནང་ཕེབས་རིང་རྒྱ་ནག་གི་རྒྱལ་དོན་བློན་ཆེན། ཡང་ཇལ་ཁྲེ་དང་ཕྱི་སྲིད་བློན་ཆེན་ཝང་དབྱིད་སོགས་དང་མཇལ་མོལ་གནང་ཡོད་པ་རེད༎

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎