རྒྱ་ནག་རྒྱལ་སྟོན་ཉིན་བཙན་བྱོལ་གནས་འཁོད་བོད་མིས་ངོ་རྒོལ།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་བོད་མི་བཙན་བྱོལ་བ་ཚོས་རྒྱ་གཞུང་གིས་བོད་ཐོག་ལ་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་སྤེལ་བ།

2009.10.02

༄༅༎ཟླ་བ་བཅུ་པའི་ཚེས་གཅིག་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་བོད་མི་བཙན་བྱོལ་གནས་ཡུལ་གང་སར་རྒྱ་ནག་གཞུང་གིས་ད་བར་བོད་ཐོག་ལ་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བཞིན་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་བོད་མི་དང་ལོའུ་སེ། འབར་མ། ཤར་ཏུར་ཀི་སི་ཐན། སོག་པོ། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་སོགས་ནས་མི་དམངས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།

དེ་ཉིན་ཨེ་ཤེ་ཡའི་མཉམ་འབྲེལ་ཚོགས་པ་ཟེར་བས་གོ་སྒྲིག་བྱས་ཏེ་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་སྔ་དྲོའི་ཚོུད་བཅུ་གཅིག་ནས་དང་པོ་བར་ཚོུད་གསུམ་གྱི་རིང་ལ་ངོ་རྒོལ་ལས་འགུལ་སྤེལ་ཏེ་ཁོང་ཚོས་བོད་རང་བཙན་ཡིན། རྒྱ་ནག་མི་བོད་ནས་ཕྱིར་ལོག་དགོས། བོད་དང་ཤར་ཏུར་ཀི་སི་ཐན་ནང་དུ་རྒྱ་མི་སྡོད་དགོས་དོན་མེད་ཟེར་བའི་སྐད་འབོད་བྱས་ཡོད་པ་རེད།

རེས་གཟའ་ཕུར་བུ་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ལ་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྔ་དྲོའི་ཚོུད་བཅུ་གཅིག་ནས་དང་པོ་བར་ལ་ཨེ་ཤེ་ཡའི་མཉམ་འབྲེལ་ཚོགས་པ་ཟེར་བས་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་བ་དང་དེ་རྗེས་ཚོུད་དང་པོ་ནས་ལྔ་པ་བར་ཤར་ཏུར་ཀི་སི་ཐན་དང་བོད་མི་ཚོས་ངོ་རྒོལ་བྱས་པའི་རྗེས་མུ་མཐུད་ཚོུད་དྲུག་པ་བར་ནས་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞོན་ནུ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཀྱིས་ངོ་རྒོལ་ལས་འགུལ་གོ་སྒྲིག་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎