བོད་མི་དང་ཡུ་གུར་བས་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་བྱས་པ།

2025.01.20
བོད་མི་དང་ཡུ་གུར་བས་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་བྱས་པ། རྒྱ་ནག་གི་གཞུང་ཚབ་མདུན་དུ་བོད་མི་དང་ཡུ་གུར་བས་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་བྱེད་བཞིན་པ། ཝ་ཤིང་ཀྲོན། ༢༠༢༥།༠༡།༢༠།
RFA/Passang Dhonden

དེ་ཡང་ཁོང་རྣམས་ཀྱིས་ཐོག་མར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པར་ཤོག་ཅེས་སྨོན་ཚིགས་བསྒྲགས་པའི་རྗེས་སུ་བོད་ཀྱི་བདག་པོ་བོད་མི་ཡིན། བོད་ཀྱི་ཚབས་ལ་ཤི་ཙང་ཟེར་བའི་མིང་བརྗེ་བསྒྱུར་བྱེད་མི་དགོས། བོད་ནང་གི་རྒྱ་མིའི་གཏན་འཇགས་སློབ་གྲྭ་ཁག་སྒོ་རྒྱབ་དགོས། བོད་པའི་སློབ་གྲྭ་ཁག་སྒོ་རྒྱབ་མི་དགོས། བོད་ཀྱི་གཙང་པོ་ཆེ་ཁག་གི་ཐོག་ཆུ་རག་དང་ཆུ་མཛོད་སོགས་རྒྱབ་མི་དགོས་སོགས་ཀྱི་འབོད་ཚིག་སྒྲོག་གནང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སོང་།


རྒྱ་ནག་གི་སྲིད་འཛིན་གཞོན་པ་ Han Zheng ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་ནི་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་དེའི་ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སི་ནས་ཆེད་མངག་རྒྱལ་ས་ཝ་ཤིང་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་གནང་བར་ཕེབས་པའི་ས་གནས་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ཚོགས་མི་དང་ཕི་ལ་གྲལ་ཕི་ཡའི་ནང་གནས་བཞུགས་བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ལགས། ཡང་འདི་ག་རྒྱལ་སའི་མངའ་ཁུལ་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་སོགས་བཅས་མི་གྲངས་ ༤༠ ལྷག་ཙམ་འདུག ཁོང་རྣམས་ཀྱིས་ཁ་ས་སྔ་དྲོ་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་གནང་སྐབས་གནམ་གཤིས་གྲངས་ངར་ཧ་ཅང་ཆེ་མིན་ལ་མ་ལྟོས་པར་ཁོང་རྣམས་ཀྱིས་ཕྱག་ཚོད་གསུམ་ལྷག་རིང་རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུར་ཀིས་ཐན། ཧོང་ཀོང་སོགས་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་སོང་།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ། པ་སངས་དོན་ལྡན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎