རྒྱ་གཞུང་གི་ལོག་འགྲེལ་ལ་བོད་ཕྲུག་གིས་ངོ་རྒོལ།

ཕྱི་ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་། རྒྱ་གར་ལྷོ་ཕྱོགས་ཅེ་ནའེ་གྲོང་ཁྱེར་དུ། མ་དྷི་ར་སི་བོད་པའི་སློབ་ཕྲུག་ཚོགས་པས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག

2012.11.23

༄༅།    །རྒྱ་གར་ལྷོ་ཕྱོགས་ཊ་མིལ་ན་ཌོ་མངའ་སྡེ་མ་དྷི་ར་སི་སློབ་ཕྲུག་ཚོགས་པའི་(TSAM) སློབ་ཕྲུག་ ༡༡༠ ཡིས། ཅེ་ནའེ་གྲོང་ཁྱེར་ནང་གི་མི་ཚོགས་འདུ་འཛོམས་ཆེ་བའི་ཨ་རིའི་གཞུང་ཚབ་ཁང་གི་མདུན་ཐད་ཇཱ་མི་ནཱེ་ལམ་སྒང་ཟམ་ཆེན་ཐོག བོད་ནང་བོད་མི་ ༧༨ ལྷག་གིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དེར། རྒྱ་གཞུང་དམར་ཤོག་འགོ་ཁྲིད་ཚོས་ལོག་འགྲེལ་བྱེད་བཞིན་པར་ངོ་རྒོལ་སྐད་འབོད་ཀྱི་ཁྲོམ་སྐོར་ལས་འགུལ་སྤེལ་ཡོད་པ་རེད། ངོ་རྒོལ་སྐད་འབོད་ཀྱི་ཁྲོམ་སྐོར་བྱེད་མི་སློབ་ཕྲུག་ཁོང་རྣམས་ནས་ལུས་ལ་བོད་རང་དབང་སྐོར་གྱི་འབོད་ཚིག་སྣ་ཚོགས་བྲིས་ཡོད་པའི་སྟོད་གོས་ནག་པོ་གྱོན་པ་དང་། ལག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དང་འབོད་ཚིག་བྱང་བུ་འདྲ་མིན་བསྣམས་ཡོད་པས་མ་ཟད། སློབ་ཕྲུག་ཡོངས་རྫོགས་ཁག་གཉིས་སུ་བགོས་ཏེ། ཁག་གཅིག་གིས་ “བོད་ནི་རྒྱ་ནག་གི་ཆ་ཤས་མ་རེད ” ཅེས་བྲིས་ཡོད་པའི་འཕྲེད་དར་ཆེན་པོ་ཞིག་འཕྱར་ཏེ་ངོ་རྒོལ་བྱས་ཡོད་པ་དང་། ཁག་གཞན་པ་དེས་ད་ལྟའི་རྒྱ་གཞུང་གི་འགོ་ཁྲིད་གསར་པ་བདུན་མཚོན་བྱེད་དུ། “བོད་ནང་འཇིགས་སྐུལ་རིང་ལུགས་པ་གསར་པ་བདུན” ཞེས་པའི་པར་རིས་ཅན་གྱི་འཕྲེད་དར་ཆེན་པོ་ཞིག་འཕྱར་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད་འདུག    སློབ་ཕྲུག་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། རྒྱ་གར་ཉེན་རྟོག་པ་མང་པོ་བསླེབས་ཏེ་ངོ་རྒོལ་སྐད་འབོད་བྱེད་མི་སློབ་ཕྲུག་ཡོངས་རྫོགས་འཇུ་བཟུང་བཀག་བསྐྱིལ་བྱས་ཡོད་པ་རེད་འདུག    །



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎