རྒྱ་ནག་གི་དཔོན་རིགས་གསར་པར་འབོད་བསྐུལ།

བཙན་བྱོལ་བོད་མི་ཚོས་རྒྱ་ནག་གི་དབུ་ཁྲིད་གསར་པས་བོད་ནང་འཛིན་བཞིན་པའི་གདུག་རྩུབ་ཀྱི་དྲག་གནོན་སྲིད་ཇུས་མཚམས་འཇོག་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་འདུག

2012.11.16

༄༅།    །ཁ་སང་ཕྱི་ཚེས་༡༥ཉིན་རྒྱ་ནག་གི་དཔོན་རིགས་དངོས་སུ་འཕོ་འགྱུར་ཕྱིན་ནས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་སམ།  རྒྱ་ནག་ཆབ་སྲིད་ལྷན་ཁང་གིས་གསར་དུ་བསྐོ་བཞག་བྱས་པའི་རྒྱུན་ལས་མི་བདུན་གྱིས་རྒྱ་ནག་གི་དབང་ཆ་དངོས་སུ་རྩིས་ལེན་བྱས་ཡོད་པའི་དུས་ཚིགས་དང་བསྟུན། བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་མི་དང་ཕྱི་རྒྱལ་བ་སོགས་ཀྱིས་ཁྲོམ་གཞུང་དུ་ཐོན་ནས་  རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་གདུག་རྩུབ་ཅན་གྱི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བ་དང་འབྲེལ།  རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་དེང་སྐབས་བོད་ནང་བྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནས་སྟངས་མཚམས་འཇོག་ཡོང་ཐབས་ཆེད། ཁོང་རྣམས་ཀྱི་དགོས་འདུན་ལ་བསམ་ཞིབ་གནང་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་འདུག  
རྒྱ་ནག་དཔོན་རིགས་གསར་པར་འབོད་བསྐུལ་གྱི་ལས་འགུལ་དེ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིའི་གོ་སྒྲིག་འོག་སྤེལ་བ་ཞིག་ཡིན་པ་དང་།     ལས་འགུལ་ནང་བཞུགས་མཁན་བློ་བཟང་དབང་རྒྱལ་ལགས་ཀྱིས།  བོད་ནང་གི་བོད་མི་ཚོས་རང་ཉིད་ཀྱི་བསམ་ཚུལ་བཏོན་ཐབས་ཆེད་ཁྲོམ་གཞུང་དུ་ཐོན་ནས་ཞི་རྒོལ་བྱས་ཏེ། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་དཀའ་གནད་སེལ་རྒྱུའི་ཐབས་ལམ་བཏོན་ཐབས་བྱས་ཡོད་ཀྱང་།  དཀའ་གནད་སེལ་མ་ཐུབ་པར་ད་དུང་གནས་སྟངས་ཛ་དྲག་ཏུ་དང་།    ཚབས་ཆེ་རུ་འགྲོ་བཞིན་ཡོད་སྟབས།  ད་ཆ་བོད་མི་ཚོ་ཐབས་ཟད་འུ་ཐུག་གིས་རང་ལུས་མེར་བསྲེགས་བཏང་ནས་ད་བར་བོད་མི་༧༢ཙམ་གྱིས་རང་ལུས་མེར་བསྲེགས་བཏང་གནང་ཏེ།    བོད་ནང་གི་གནས་སྟངས་དེར་འགྱུར་ལྡོག་ཡོང་རྒྱུའི་རེ་བ་བྱེད་བཞིན་ཡོད་པར་བརྟེན།  རྒྱ་ནག་གི་དཔོན་རིགས་གསར་པ་ཚོས། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དེ་སེལ་ཐབས་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་བཞིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་གསུང་འདུག །

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎