བོད་མིའི་ཤེས་ཡོན་ལས་འཆར་དབུ་འཛུགས།

བཙན་བྱོལ་བོད་གཞུང་ནས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་གིས་འགྲོ་གྲོན་མཐུན་འགྱུར་སྦྱར་བའི་ལོ་གཉིས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དེ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་སོང་།

2012.11.23

༄༅།    །ད་རང་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལར་བཙན་བྱོལ་བོད་གཞུང་ནས་ཨ་མི་རི་ཀའི་རྒྱལ་སྤྱིའི་ཡར་རྒྱས་ངོ་ལས་ཁང་ (USAID) གིས་འགྲོ་གྲོན་ མཐུན་འགྱུར་སྦྱར་བའི་ལོ་གཉིས་ཀྱི་བོད་མིའི་ཤེས་ཡོན་ལས་འཆར་དེ་དབུ་འཛུགས་གནང་བའི་སྐོར་ཨ་རི་བོད་ཀྱི་མ་དངུལ་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས་དང་། བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་གི་དྲུང་ཆེ་ལས་འཕར་སྟོབས་རྒྱལ་ལགས་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བརྒྱུད་ གསལ་བསྒྲགས་གནང་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་སྤྱིའི་ ཡར་རྒྱས་ངོ་ལས་ཁང་USAID གིས་འདི་ལོ་ཕྱི་ཟླ་དགུ་པའི་ནང་ཨ་རི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་ལ་ ཨ་སྒོར་ཌོ་ལར་ས་ཡ་གཉིས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་ཨ་མི་རི་ཀའི་གཞུང་གིས་དགོངས་པ་ཆེ་བཞེས་ཀྱིས་རོགས་དངུལ་གསོལ་བསྩལ་གནང་བ་དེར་ཨ་རིའི་གཞུང་གི་འབྲེལ་ཡོད་ལྷན་ཁང་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཁོང་གིས་དངུལ་འབོར་དེ་འཆར་གཞི་ལྟར་བཙན་བྱོལ་བོད་མིའི་ཤེས་ཡོན་ཡར་རྒྱས་ཆེད་ཤེས་རིག་ལས་ཁུངས་ཀྱི་གཙོ་འགན་ཐོག་ཕྱག་ལེན་དམ་གཟབ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
བོད་གཞུང་གིས་བོད་ཕྲུག་གི་ཤེས་ཡོན་ཡར་རྒྱས་ཀྱི་ལས་འཆར་གལ་ཆེར་འཛིན་གྱི་ཡོད་པ་དང་། རོགས་དངུལ་འདི་གཙོ་བོ། རྒྱ་གར་དང་བལ་ཡུལ་ནང་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་སྤུས་ཚད་ གོང་མཐོར་གཏོང་རྒྱུར་འགྲོ་གྲོན་གཏོང་རྒྱུ་ཡིན་གསུངས་ཡོད་པ་རེད།
དེ་ཡང་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་སྟོབས་རྒྱལ་ལགས་ཀྱིས་ཤེས་རིག་ལྷན་ཁང་གི་འབད་བཙོན་འདི་གཙོ་བོ་སློབ་གྲྭ་ཁག་ནང་དགེ་རྒན་གྱི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་དང། སློབ་ཕྲུག་ཚོར་སློབ་ཡོན་གྱི་འཆར་གཞི་རྒྱ་སྐྱེད། མདུན་ལམ་སློབ་སྟོན་ཡར་རྒྱས་གཏོང་རྒྱུ། ཚན་རིག་དང་འཕྲུལ་རིག་སློབ་སྦྱོང་ ཤུགས་ཆེ་རུ་གཏོང་རྒྱུ་དང་། འབྲིང་རིམ་སློབ་ཕྲུག་ཚོར་ཡིག་རྒྱུགས་གྲ་སྒྲིག་ཆེད་ ཟུར་སྦྱོང་སྤྲོད་རྒྱུ། ཤེས་ཡོན་སློབ་གསོའི་འཛིན་སྐྱོང་བཀོད་བྱུས་ཡར་རྒྱས་གཏོང་རྒྱུ་སོགས་ཀྱི་ཐོག་ཤུགས་སྣོན་བསྐྱོན་རྒྱུ་ཡིན་སྐོར་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎