བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་བ།

2021.11.25
བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གི་འགན་འཛིན་ལྷན་ཚོགས་དབུ་འཛུགས་གནང་བ། བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གི་འགན་འཛིན་ལྷན་ཚོགས།
བཀྲིས་ལམ་བཟང་།

བྱང་ཨ་མི་རི་ཀའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་གི་འགན་འཛིན་ལྷན་ ཚོགས་ཐེངས་༡༩པ་དེ་བཞིན་ཨ་རིའི་ནུབ་ཕྱོགས་གྲོང་ཁྱེར་སན་ཕ་རན་སིས་ཀོ་རུ་དེ་རིང་སྤྱི་ཚེས་༢༥ ཉིན་དབུ་འཛུགས་ཀྱིས་ཉིན་གསུམ་རིང་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད་འདུག    ལྷན་ཚོགས་དེར་ཕེབས་པའི་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲིས་ལམ་བཟང་ལགས་ཀྱིས་ལྷན་ཚོགས་གནང་ཡུལ་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡག་ལ་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་བྱང་ཨ་རིའི་གཞོན་ནུའི་འགན་འཛིན་ལྷན་ཚོགས་ལོ་གསུམ་རེའི་ནང་ཐེངས་གཉིས་འཚོགས་གནང་གི་ཡོད་པ་དེ་དག་སྔ་ལོ་བསྐོང་ཚོགས་ཐུབ་མེད་དུས།ད་ལོའི་ལྷན་ཚོགས་དེ་བཞིན་སན་ཕ་རན་སིས་ཀོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་སུ་ཡོད་པའི་རྒྱུད་སྟོད་དགེ་རྩ་ཚོགས་པའི་ཚོགས་ཁང་ནང་ཉིན་གྲངས་གསུམ་རིང་ཚོགས་གནང་གི་འདུག

ད་རེས་ཀྱི་ལྷན་ཚོགས་ཐོག་གཙོ་ཆེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་ མཆོག་གི་སྐུ་ཕྱའི་ཉེན་སྲུང་ལས་དོན་སྔར་ལྷག་ཞུ་ཕྱོགས་ཇི་དགེའི་སྐོར་དང་། བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་དང་བོད་མིའི་སྤྱི་ཚོགས་ནང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་དཔང་ལོ་རྒྱུས་ཀྱི་གོ་རྟོགས་སྤེལ་རྒྱུ་དང། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང། ཡ་རབ་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་འགན་འཁུར་ཞུ་ཕྱོགས། ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་གྲོལ་ཡོང་ཆེད་ལས་འགུལ་སྤེལ་ཕྱོགས། ཀོ་ཝིཌ་༡༩ཏོག་དབྱིབས་ནད་ཡམས་གཙོས་པའི་བོད་མིའི་སྤྱི་ཚོགས་ནང་ཛ་དྲག་དཀའ་ངལ་བྱུང་སྐབས་གཞོན་ལྷན་ས་གནས་ཁག་ནས་དཀའ་ངལ་ལ་གདོང་ལེན་དང་རྒྱབ་སྐྱོར་གྱི་ལས་དོན་གནང་ཕྱོགས།ལྷག་པར་དུ་རྒྱ་ནག་ཏུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལམ་པིག་རྩེད་འགྲན་འཚོག་ལ་ཉེ་བའི་གོང་དེར་ གཞོན་ནུའི་ངོས་ནས་ལས་འགུལ་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་བཅུའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད།

གསར་འགོད་པ།ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎