ཁེ་ཎ་ཊའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད།


2020.03.11
ཁེ་ཎ་ཊའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genuis)་ལགས་ཀྱིས་གཏམ་བཤད་སྐབས། ༢༠༢༠།༣།༡༠ ཁེ་ཎ་ཊའི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genuis)་ལགས་ཀྱིས་གཏམ་བཤད་སྐབས། ༢༠༢༠།༣།༡༠
དྲ་བཤུས།

བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་གྲོས་ཚོགས་འཐུས་མི་ཞིག་གིས་ཁེ་ཎ་ཊའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་འདུག
དེ་ཡང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་ཚེས་བཅུའི་ཉིན་མོར། ཁེ་ཎ་ཊའི་(Alberta)་མངའ་སྡེའི་ས་གནས་(Sherwood Park)་ཡི་གྲོས་ཚོགས་འཐུས་མི་སྐུ་ཞབས་(Garnett Genuis)་ ལགས་ཀྱིས། ཁེ་ཎ་ཊའི་གྲོས་ཚོགས་འོག་མའི་ནང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བ་དང་སྦྲགས་བོད་མིའི་
རང་དབང་སྒེར་ལངས་ལ་རྗེས་དྲན་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་དེ་རིང་ནི་རྒྱ་ནག་གཞུང་གིས་བོད་ནང་དྲག་པོའི་བཙན་འཛུལ་བྱས་ནས་མི་ལོ་༦༡་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་སྡུག་རྩུབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་མུས་ལ་མ་བལྟོས་བར། བོད་མི་ཚོས་རྒྱུན་དུ་ནས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་དང་། གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་རྩ་འཛིན་ཐོག་བོད་རྒྱ་གཉིས་བར་འགྲིག་འཇགས་ཡོང་རྒྱུའི་རེ་བ་གནང་བཞིན་ཡོད་པ་དེ་ནི་རླབས་ཆེན་ཞིག་ཡིན་པ་རེད་ཅེས་དང་། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཞེས་པའི་རྩ་འཛིན་འབྲུ་དོན་གསར་པ་ཞིག་བཏོན་ནས་བོད་མིའི་ངོ་བོ་དང་རིག་གཞུང་རྩ་གཏོར་གཏོང་རྒྱུའི་ངན་ཇུས་འཛིན་བཞིན་ཡོད་ནའང་། བོད་མི་ཚོས་བཟོད་བསྲན་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་ཐབས་སུ་འབད་བརྩོན་ལྷོད་མེད་གནང་བཞིན་བར་རྒྱབ་སྐྱོར་དང་བསྔགས་བརྗོད་ཡོད་ཅེས་གཏམ་བཤད་གནང་འདུག
གཞན་ཟླ་གསུམ་པའི་ཚེས་༡༠་ཉིན། ཡོ་རོབ་བྷེལ་ཇམ་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ཁུལ་དེའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཛོམས་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་སྐབས། (Portugal)་ནས་ཡིན་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་(Isabel Santos)་དང་། བྷེལ་ཇམ་གྱི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Samuel Cogolati)་ རྣམ་གཉིས་མཉམ་ཞུགས་གནང་བ་དང་། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎