སུད་སིར་བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་འབོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ།
2019.09.20

སུད་སིར་མཉམ་འབྲེལ་རྒྱལ་ཚོགས་མདུན་བོད་མི་མང་པོ་འཛོམས་ནས་རྒྱལ་ཚོགས་ལ་ཞུ་འབོད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཐེངས་༤༢ པ་ཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་༢༠༡༩་ཟླ་༩་བའི་ཚེས་༢༠་ཉིན། སུད་སིའི་བོད་རིགས་མི་དམངས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཇེ་ནེ་ཝ་རུ་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ། སུད་སུ་དང་། ཧྥ་རན་སུ། བྷེལ་ཇམ་སོགས་ཡོ་རོབ་མངའ་ཁུལ་ནས་བོད་མི་མང་པོ་ལྷན་འཛོམས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་བྱེད་བཞིན་པ་དེ་དག་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་། རིག་གཞུང་ལ་འགན་སྲུང་མེད་པའི་གཞི་རྟེན་ཞིག་ལ་འགྱུར་བཞིན་ཡོད་པ་དང་། དེ་བཞིན་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་སོགས་ལ་རྒྱལ་ཚོགས་ནས་དོ་སྣང་རོགས་རམ་གནང་དགོས་པའི་འབོད་སྐུལ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག