བོད་མི་དམག་ཟུར་ཚོའི་ཁྲིམས་ཁང་ཞུ་གཏུགས་ལ་རྒྱལ་ཁ་ཐོབ་པ།


2016.07.07
རྒྱ་གར་མཐའ་མཚམས་ཀྱི་བོད་རིགས་དམག་མི། ༢༠༡༠ རྒྱ་གར་མཐའ་མཚམས་ཀྱི་བོད་རིགས་དམག་མི། ༢༠༡༠
པར་ཚགས།

དྭང་སློབ་དམག་སྒར་དང་བོད་མི་ཚོས་ཁ་རྒྱུན་དུ་དམག་སྡེ་ཨང་༢༢ཞེས་པ་དེ་སྤྱི་ལོ་༡༩༦༢ལོར་རྒྱ་ནག་གིས་བོད་བཙན་འཛུལ་བྱེད་རྗེས་སུ་གསར་འཛུགས་གནང་བ་ཞིག་རེད།

ཐོག་མ་བོད་པ་ཁེ་རྐྱང་གི་གསང་བའི་དམག་དཔུང་སྒྲིགས་འཛུགས་ཤིག་ཡིན་ཞིང་།དེ་རྗེས་སྤྱི་ལོ་༡༩༦༥ལོར་བལ་ཡུལ་གྱི་གོ་ཁར་དམག་མི་ཡང་གསར་འཇུག་བྱེད་ཡོད་།དམག་མི་དེ་དག་ས་མཐོ་པོ་དང་གནམ་གཤིས་གྲངས་ངར་ཆེན་པོ་འོག་འཚོ་གནས་ཐུབ་པའི་དམིགས་བསལ་གཟུགས་ཕུང་གི་ནུས་པ་ཡོད་པ་བསྟེན་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་གྱི་འགན་འཁུར་དང་། ༡༩༧༢ ལོར་བྷང་ལའི་དམག་འཁྲུགས་ཀྱིས་གཙོས་མཐའ་མཚམས་སྲུང་སྐྱོབ་གདོང་ལེན་རིམ་པར་ཞུས་ཡོད་།

འོན་ཀྱང་སྤྱི་ལོ་༢༠༠༩ལོའི་སྔོན་དྭང་སློབ་པ་བགྲེས་ཡོལ་གནང་མཁན་ཚོར་རྒས་ཕོགས་དང་ཐོབ་ཐང་རྒྱ་གར་གྱི་ཡུལ་མི་དམག་མི་གཞན་དང་གཅིག་མཚུངས་མ་རག་པའི་དཀའ་ངལ་རྟེན་དྭང་སློབ་སྐྱིད་སྡུག་ཚོགས་པས་རྒྱ་གར་ལྡི་ལི་ཆེད་མཐོའི་ཁྲིམས་ཁང་ལ་ཁ་མཆུ་བཙུག་འདུག། ཁྲིམས་ཁོང་གིས་དྭང་སློབ་དམག་ཟུར་དེ་དག་རྒྱ་གར་གྱི་རྒྱུན་ལྡན་དམག་མི་དང་ཡུལ་མི་མིན་ན་ཡང་།རྒྱ་གར་རྒྱལ་ཁབ་སྲུང་སྐྱོབ་དང་བདེ་འཇག་གི་ཆེད་དཔུང་པ་མཉམ་བཤིགས་ཀྱིས་ཕུལ་དུ་བྱུང་བའི་ཞབས་འདེབས་བསྒྲུབས་ཡོད་རྟེན་།༢༠༠༩ཡི་སྔོན་རྗེས་ཀྱི་དུས་བཀག་གི་དབྱེ་འབྱེད་མེད་པར་དྭང་སློབ་ཟུར་པ་ཚོར་རྒས་ཕོགས་དང་ཐོབ་ཐང་གཅིག་མཚུངས་སྤྲོད་དགོས་པ་ལྡི་ལི་ཆེད་མཐོའི་ཁྲིམས་ཁང་གིས་སྤྱི་ཟླ་དང་པོའི་ཚེས་༢༩ཉིན་ཁྲིམས་ཐག་བཅོད་ནས་བཀའ་རྒྱ་ཕེབས་ ཡོད་པ་ལྟར་།རྒྱ་གར་དབུས་གཞུང་གིས་དྭང་སློབ་དམག་ཞབས་ལྔ་སྟོང་བདུད་རྒྱ་ལྷག་ཙམ་ལ་རྒྱ་གར་སྒོར་མོ་ཐེར་འབུམ་༦ ཙམ་གྱི་ཚོད་རྩིས་རྒས་ཕོག་དང་ཐོབ་ཐང་གཅིག་མཚུངས་སྤྲོད་རྒྱུའི་ཁེས་ལེན་མོས་མཐུན་གནང་འདུག་།དེ་ནི་དངུལ་འབོར་ཆེན་པོ་ཞིག་དང་ལག་བསྟར་གནང་རྒྱུ་རྒྱ་གར་གྱི་ལྷན་ཁང་ཁག་འགའ་བརྒྱུད་དགོས་སྟབས་ཐོག་མའི་དུས་བཅད་ལས་ཟླ་བཞི་ཕྱིར་བཤོལ་གྱིས་སྤྱི་ཟླ་དྲུག་པའི་ཚེས་༢ཉིན་བཟུང་ལག་བསྟར་གནང་དགོས་ཀྱི་ཡོད་པ་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎