ཡོངས་འཛིན་ཞེས་བོད་ཡིག་འཚོལ་བཤེར་མ་ལག་བསྐྲུན་བཞིན་པ།


2016.01.11
ཡོངས་འཛིན་ཞེས་བོད་ཡིག་འཚོལ་བཤེར་མ་ལག་གི་མདུན་ངོས། ༢༠༡༦།༡ ཡོངས་འཛིན་ཞེས་བོད་ཡིག་འཚོལ་བཤེར་མ་ལག་གི་མདུན་ངོས། ༢༠༡༦།༡
དྲ་བཤུས

བོད་ནང་བོད་ཡིག་ཚིག་དོན་འཚོལ་ཞིབ་ཀྱི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ལས་གཞི་གསར་པ་སྤེལ་བཞིན་པ།
དེ་ཡང་རྒྱ་ནག་གཞུང་གིས་Cloud Tibetཞེས་པའི་དྲ་རྒྱའི་ཐོག བོད་ཡིག་གི་ཚིག་དང་དོན་འཚོལ་ཞིབ་བྱེད་པར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག གསར་པ་ཞིག་གི་ཚོད་ལྟ་བྱ་རྒྱུ་འགོ་འཛུགས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༦ལོའི་ལོ་དཀྱིལ་དུ་དངོས་སུ་འགྲེམས་སྤེལ་བྱ་རྒྱུ་ཡིན་ལུགས་བཤད་འདུག དེ་བཞིན་Cloud Tibet
ཡོངས་འཛིན་ཞེས་བོད་ཡིག་འཚོལ་བཤེར་མ་ལག་་གི་ལས་གཞི་དེ་ནི་ཐོག་མར་ཕྱི་ལོ་༢༠༡༣ལོའི་ཕྱི་ཟླ་བཞི་པའི་ནང་འགོ་འཛུགས་བྱས་ཡོད་པ་དང་། ད་ཆ་བོད་ཡིག་ཚིག་དོན་འཚོལ་ཞིབ་ཀྱི་ལས་གཞིའི་རེའུ་མིག་གསར་པ་དེ་འདོན་སྤེལ་བྱེད་ཆོག་ཆོག་ཡོད་སྐོར། རྒྱ་ནག་གི་ཧ་ནན་ཞིང་ཆེན་གྱི་བོད་ཡིག་ཡར་རྒྱས་གོང་འཕེལ་ལས་ཁང་གི་གཙོ་འཛིན་ཚེ་ལྷོ་ལགས་ཀྱིས་གསུངས་འདུག
ལས་གཞི་དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ལྗོངས་ཁུལ་གྱི་བོད་ཡིག་ཞིབ་འཇུག་བསྟི་གནས་ཁང་གི་ལས་བྱེད་༡༥༠ཙམ་ཀྱིས་གཙོ་བོ་སྣེ་ཁྲིད་གནང་ཡོད་པ་དང་། མ་འོངས་པར་མི་མང་ས་ཡ་གཅིག་དང་གྲངས་ཆུང་༢ཙམ་ཀྱིས་བོད་ཡིག་ཚིག་མཛོད་མ་ལག་དེ་བེད་སྤྱོད་བྱེད་སྲིད་ལུགས་ཚེ་ལྷོ་ལགས་ཀྱིས་གསུངས་འདུག
གནས་ཚུལ་ལྟར་ན། སྤྱི་ཟླ༡པོའི་ཚེས༦ཉིན། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་དུས་སྐབས་དང་པོའི་བཟོ་བཀོད་ཀྱི་ཞིབ་བཤེར་གྲོས་ཚོགས་བསྡུས་ཡོད་པ་རེད།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ནི་མཚོ་ལྷོ་ཁུལ་གྱི་ལས་གཞི་གལ་ཆེན་ཞིག་ཡིན་པ་བོད་ནང་གི་དྲ་ལམ་ཁག་ན་གནས་ཚུལ་འཁོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎