ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་བོད་མིས་སྐད་འབོད།

རྒྱ་ནག་གི་གཏིང་འཛིན་སྲིད་ཇུས་འོག་རང་ལུས་མེ་བསྲེཊ་ཀྱི་མཚོན་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད་བྱས་ཡོད།

2012.11.05

ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན
ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན

དེ་ཡང་ཚེས་༥ཉིན་ཨ་རིའི་ཤར་ལྷོ་བསུ་དཔལ་བོད་རིགས་ཚོགས་པ་དང་། ཨ་རིའི་རྒྱལ་སའི་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་གྱིས། ད་ལྟའི་རྒྱ་ནག་གི་གཏིང་འཛིན་སྲིད་ཇུས་འོག་རང་ལུས་མེ་བསྲེགས་ཀྱི་མཚོན་པའི་བོད་ནང་གི་ཛ་དྲག་གནས་སྟངས་ཆེད་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་བོད་དོན་ཞི་བའི་སྐད་འབོད་བྱས་ཡོད། དེའི་ཐད་མཁན་པོ་ངག་དབང་རྡོ་རྗེ་ནས་གསུངས་དོན། སྤྱིར་ང་ཚོ་ཕྱི་སྡོད་བོད་མི་ཚོས་བོད་དོན་ཆེད་བོད་ས་གཏིང་འཛིན་བྱེད་མཁན་རྒྱ་ནག་གཞུང་ཚབ་མདུན་ཞི་བའི་སྐད་འབོད་ཀྱི་མཚོན་ངོ་རྒོལ་ལས་འགུལ་རིགས་སྤེལ་བ་རྒྱུན་ཏན་རེད། དེ་རིང་དམིགས་བསལ་ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་དཔའ་རྒོད་མི་གྲངས་༦༦ཙམ་གྱིས་བོད་དོན་ཆེད་སྐུ་ལུས་མེ་བསྲེགས་བཏང་བ་དང་། ལྷག་དོན་ད་ཆ་ཛ་དྲག་ལ་གྱུར་ནས་བདུན་ཕྲག་གཅིག་གི་ནང་བོད་མི་བདུན་གྱིས་སྐུ་ལུས་མེ་བསྲེགས་བཏང་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དོན་འབྲས་ལྡན་པའི་འགྱུར་བ་ཞིག་ཡོང་ཆེད་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་དང་བོད་དོན་རྒྱབ་སྐྱོར་བ་དག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ང་ཚོ་ཡང་དེ་རིང་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན

དེ་ལྟར་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་མདུན་བོད་དོན་ཞི་བའི་སྐད་འབོད་ཀྱི་ལས་འགུལ་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྒན་གྲས་དགེ་འདུན་པ་དཔལ་ལྡན་རྒྱ་མཚོ་ལགས་ཡང་མཉམ་ཞུགས་གནང་ཡོད་པ་རེད།

དཔལ་ལྡན་རྒྱ་མཚོ

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎