བོད་མིའི་ས་ཞིང་བཙན་འཕྲོག་ལ་ངོ་རྒོལ་བྱས་འདུག


2013.10.30
བོད་མིའི་ས་ཞིང་བཙན་འཕྲོག་ལ་ངོ་རྒོལ་ངོ་རྒོལ་བྱེད་བཞིན་པ། བོད་མིའི་ས་ཞིང་བཙན་འཕྲོག་ལ་ངོ་རྒོལ།
པར། བོད་འབྱོར་། ལྷ་མོ་སྐྱབས།

མདོ་སྨད་རྔ་བ་རྫོང་ཁྲིན་ཀན་རུ་ཁག་དང་པོའི་དུད་ཁྱིམ་ཁག་གཅིག་གི་ས་ཞིང་ས་གནས་རྒྱ་ནག་གཞུང་གིས་བཙན་འཕྲོག་བྱས་པར་ས་གནས་མི་མང་གིས་ངོ་རྒོལ་བྱས་འདུག

དེ་ཡང་བོད་ནས་གནས་ཚུལ་འབྱོར་དོན། མདོ་སྨད་རྔ་བ་རྫོང་ཁྲིན་ཀན་རུ་ཁག་དང་པོའི་ཁྱིམ་ཚང་༡༦གི་ས་ཞིང་མུའུ་༤༠ལྷག་དེ་སྔོན་ས་གནས་རྒྱ་ནག་གིས་བཙན་འཕྲོག་བྱས་ནས། དེའི་ཐོག་བཤས་ར་བཙུགས་པ་དང་། ཁང་པ་གསར་རྒྱག་བྱས་བར་ཟླ་སྔོན་མའི་ནང་ས་གནས་བོད་མི་ཚོས་ས་ཐོག་དེར་གུར་རྒྱབ་ནས་མི་འདོད་པའི་ངོ་རྒོལ་བྱས་ཡོད་འདུག

ཡང་གནས་ཚུལ་ཤེས་མཁན་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་དོན། བཙན་འཕྲོག་བྱས་བའི་ས་ཞིང་དེ་ནི་རྔ་ཆུ་ཞེས་རྫོང་ཐོག་དུ་ཡོད་པའི་ཆུ་དེའི་འགྲོ་ཕྱོགས་ལ་ཡོད་པ་དང་། ༡༩༨༦ལོའི་ཟླ་༦ པའི་ནང་རྫོང་མི་དམངས་སྲིད་གཞུང་གིས་ས་བདག་བོད་མི་ཚོའི་འདོད་མོས་ལ་མ་བལྟོས་བར་བེད་སྤྱོད་བྱས་བ་དང་། རིམ་པས་ས་ཞིང་མུའུ་༣༤ཐོག་ལ་ཕྱུགས་ཟོག་གི་བཤས་ར་བཙུགས་པ་དང་། ས་ཞིང་གི་གུན་གསབ་ཆེད་ཁྱིམ་ཚང་རེ་ལ་ལོ་རེར་རྒྱ་སྒོར་༣༥༠རེ་སྤྲོད་རྒྱུ་དང་། རིམ་པས་བཤས་རར་ཁྱིམ་ཚང་དེ་དག་ནས་ལས་ཀ་བྱེད་མཁན་ལེན་རྒྱུ་སྐབས་ཐོག་མགོ་སྐོར་གཏོང་ཐབས་བྱས་བ་ལས་ལག་བསྟར་བྱས་མེད་པ་རེད། ད་ལྟ་ས་ཐོག་དེར་མུ་མཐུད་ཁང་པ་གསར་རྒྱག་བྱེད་བཞིན་པར་བརྟེན་ས་གནས་བོད་མི་ཚོས་རྫོང་མི་དམངས་སྲིད་གཞུང་གིས་ང་ཚོའི་ས་ཞིང་བཙོང་ནས་ཁང་པ་གསར་རྒྱག་བྱེད་བཞིན་འདུག ང་ཚོའི་ས་བདག་ཁྱིམ་ཚང་༡༦ལ་ས་ཞིང་མེད་ཐོག་གུན་གསབ་སོགས་གང་ཡང་བྱུང་མ་སོང་། ང་ཚོར་ས་ཞིང་ཕྱིར་སྤྲོད་རོགས། ཡང་ས་ཞིང་གི་རིན་པ་སྤྲོད་རོགས་ཞེས་རེ་འདུན་ཞུ་གཏུགས་ཡིག་ཆར་མཛུབ་ཐེལ་རྒྱབ་པ་དང་། ས་ཐོག་ལ་གུར་རྒྱབ་ནས་ཉིན་མཚན་མེད་པར་གནས་སྡོད་བྱས་ནས་མི་འདོད་ངོ་རྒོལ་བྱས་འདུག

ངོ་རྒོལ་བྱེད་མཁན་ཁོངས་སུ་ཅེན་དྲོང་དང་། སྤུ་གོ ཟོན་པོ། སྡེ་མཚོ་སྐྱིད། མི་ནས། ཚེ་སྐྱིད། དཔལ་ཚེ། བསྟན་པའི་རྒྱལ་མཚན་། ཕུལ་སྐྱིད་། ནག་དོན་ཁོ་། དོན་ཁོ་། འཇའ་ཁོ་། ནོར་ཁོ་། ཆོས་སྒྲུབ། སྐལ་བཟང་བསོད་ནམས་སོགས་ཡོད་པ་རེད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎