ཉི་ཧོང་མི་མང་ནས་དམིགས་བསལ་བོད་དོན་ལ་དོ་སྣང་།


2014.07.07
བོད་མི་མང་སྤྱི་འཐུས་གསུམ་གྱིས་ཉི་ཧོང་ལ་བོད་དོན་ཞུ་གཏུགས་གནང་བཞིན་པ། ༢༠༡༤།༧ བོད་མི་མང་སྤྱི་འཐུས་གསུམ་གྱིས་ཉི་ཧོང་ལ་བོད་དོན་ཞུ་གཏུགས་གནང་བཞིན་པ། ༢༠༡༤།༧
བོད་མིའི་སྒྲིག་འཛུགས

བོད་མི་མང་སྤྱི་འཐུས་གསུམ་ཉི་ཧོང་དུ་ཆེད་ཕེབས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གོ་རྟོགས་སྤེལ་བ་དང་ངོ་སྤྲོད་གནང་འདུག
དེ་ཡང་སྤྱི་ལོ་༢༠༡༤་ལོའི་ཟླ་༧་ཚེས་༧་ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་བ་ལ་གཞིགས་ན། ཉེ་ཆར་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཉི་ཧོང་དུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཏེ་གནད་ཡོད་མི་སྣ་མང་པོ་ཞིག་ལ་བོད་དོན་ངོ་སྤྲོད་གནང་འདུག དེའང་ནམ་ཀུན་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཉི་ཧོང་བ་༧༠་ཙམ་དང་བོད་མི་ཁག་ཅིག་ལ་ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོཊ་ཆུང་ཁག་རྒྱལ་ཁབ་ཁག་ཏུ་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པའི་རྒྱབ་ལྗོངས་དགོས་དམིགས་དང་། བོད་མི་མང་སྤྱི་འཐུས་ཀྱི་གྲུབ་ཆ་དང་འགན་དབང་སྙིང་བསྡུས་ངོ་སྤྲོད་གནང་བ་དང་འབྲེལ་དམིགས་བསལ་བོད་ནང་གི་ཛ་དྲག་གི་གནས་སྟངས། དབུ་མའི་ལམ་གྱི་དགོངས་དོན། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས།  བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་སོགས་ངོ་སྤྲོད་གནང་ཡོད་འདུག ཚོགས་འདུ་དེར་མཉམ་ཞུགས་གནང་མཁན་ཉི་ཧོང་བ་རྣམས་ནི་དུས་རྒྱུན་དུ་བོད་དོན་ལ་དོ་སྣངདང་རྒྱབ་སྐྱོར་གནང་མཁན་ཤ་སྟག་ཡིན་སྟབས་བོད་རྒྱ་གྲོས་མོལ་གྱི་གནས་བབ་དང་། བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་བྱུང་བཞིན་པ་དེས་བོད་ཀྱི་གནད་དོན་ལ་ཕན་གནོད་ཇི་ཡོད།  ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཛད་འགན་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་རྗེས་བོད་ནང་གི་གནས་སྟངས་དེ་ཤིན་ཅང་གི་ནང་གི་གནས་སྟངས་ལྟར་དྲག་པོར་འགྱུར་སྲིད་མིན་ རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོར་རེ་བ་ཇི་ལྟར་གནང་གི་ཡོད་པ་སོགས་བོད་དོན་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་གཅིག་རྗེས་གཉིས་མཐུད་ཀྱིས་སྤྱི་འཐུས་རྣམ་པ་གསུམ་ལ་དྲི་བ་བཏོན་པ་དང་ཉི་ཧོང་མི་མང་ནས་དམིགས་བསལ་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་བསྟན་འདུག།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎