བོད་མི་སྨན་ཞབས་པ་ཚོ་སྨན་ཞབས་པ་གཞན་དང་སྤྱི་མཚུངས་ཡིན།


2016.08.24
རྒྱ་གར་གཞུང་གི་ཡིག་ཆ། ༢༠༡༦།༨།༩ རྒྱ་གར་གཞུང་གི་ཡིག་ཆ། ༢༠༡༦།༨།༩
tibet.net

རྒྱ་གར་ནང་བོད་མི་སྨན་ཞབས་པ་ཚང་མར་རྒྱ་གར་གྱི་སྨན་ཞབས་པ་དང་སྤྱི་མཚུངས་དེབ་སྐྱེལ་བྱེད་ཆོག་པའི་ཐག་གཅོད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་དང་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁནདྲ་(Uttarkhand)་མངའ་སྡེའི་ནང་རྒྱ་གར་གྱི་སྨན་ཁང་ཁག་གི་ནང་སྨན་ཞབས་པའི་ལས་ཀ་བྱེད་མཁན་བོད་རིགས་ཚོར་དངོས་སུ་ལུགས་མཐུན་ལས་ཀའི་ངོ་བོའི་ཐོག་དེབ་སྐྱེལ་བྱེད་རྒྱུར་སྐྱེས་ཚེས་ལག་འཁྱེར་ཚུལ་ལྡན་དགོས་ལུགས་ཆ་རྐྱེན་བཟོས་ཏེ་དཀའ་ངལ་འཕྲད་ཡོད་སྟབས། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་སྨན་ཞབས་པ་ཚོས་བདེ་སྡུག་སྙན་སེང་ཞུས་ཡོད་པ་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་འབྲེལ་ཡོད་རྒྱ་གར་དབུས་འཕྲོད་བསྟེན་དང་། ཁྱིམ་ཚང་བདེ་དོན་ལས་ཁུངས་སུ་སྙན་ཞུ་ཕུལ་ནས་དཀའ་ངལ་སེལ་ཐབས་ཞུ་སྐུལ་གནང་ཡོད་འདུག
དེ་ནས་རིམ་བཞིན་ལོ་འདིའི་ཕྱི་ཟླ་བརྒྱད་པའི་ཚེས་༩་ཉིན་གོང་ཞུས་འབྲེལ་ཡོད་ལས་ཁུངས་ནས་ལྡི་ལི་དོན་གཅོད་ཁང་བརྒྱུད་བཀའ་ལན་གནང་ཡོད་པའི་ནང་། ང་ཚོས་གནད་དོན་འདིའི་ཐོག་ཞིབ་འཇུག་དང་གོ་བསྡུར་སྦྱང་བཤད་བྱས་པ་བརྒྱུད། རྒྱ་གར་རྒྱལ་ཡོངས་སྨན་ཞབས་ལྷན་ཚོགས་(Indian Nursing Council)་ནས་ངོས་ལེན་ཡོད་པའི་སྨན་ཁང་དང་འཕྲོད་བསྟེན་བསྟི་གནས་ཁང་གང་འདྲ་ཞིག་ནས་སྨན་ཞབས་ལག་འཁྱེར་ཐོབ་ཡོད་པའི་བོད་མི་སྨན་ཞབས་པ་ཚང་མར་སྨན་ཞབས་པ་སྤྱི་མཚུངས་དེབ་སྐྱེལ་བྱེད་ཆོག་པའི་ཐག་གཅོད་བྱས་པ་ཡིན་ཞེས་ཆོག་མཆན་གནང་ཡོད་འདུག
སྤྱིར་བཏང་རྒྱ་གར་མི་རིགས་ཚོ་དང་མི་འདྲ་བར་བོད་པའི་སྨན་ཞབས་པའམ་Nurse་གྱི་ལག་འཁྱེར་ཡོད་པ་མང་པོ་ཞིག་བོད་ནང་སྐྱེས་ཞིང་བཙན་བྱོལ་ནང་སློབ་གཉེར་བྱས་པའི་རིགས་ཡིན་སྟབས། སྐྱེས་ཚེས་ལག་འཁྱེར་ཐོབ་རྒྱུ་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཁག་པོ་ཆགས་ཡོད་ཙང་། སྨན་ཞབས་ཀྱི་ལས་རིགས་ཙམ་མ་ཡིན་པར་ལས་རིགས་དང་སློབ་སྦྱོང་གཞན་བྱེད་པའི་སྐབས་སུའང་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
འོིན་ཀྱང་ད་རེས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་གར་དབུས་གཞུང་ལ་བདེ་སྡུག་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་འདི་ནི་བོད་པའི་སྨན་པ་ཚོའི་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎