བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་ཆ་ཤས་ལེན་མཁན་ཡག་པོ་མི་འདུག


2019.02.27
སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་ཆེད་ལས་པ་སྐུ་ཞབས་ཨ་ལོཀ་དང་། ཝེ་ཀ་སི་རྣམ་གཉིས། སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་ཆེད་ལས་པ་སྐུ་ཞབས་ཨ་ལོཀ་དང་། ཝེ་ཀ་སི་རྣམ་གཉིས།
RFA

འདས་པའི་ལོ་གཉིས་ཀྱི་ནང་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ནང་མི་མང་གི་ངོས་ནས་ཆ་ཤས་ལེན་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་མེད་པ་ཉམས་ཞིབ་པས་གསུངས་འདུག
དེ་ཡང་འདི་ལོའི་སྤྱི་ཟླ་གཉིས་པའི་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སྨན་བཅོས་ལྟ་སྐྱོང་ལས་གཞི་ཚན་པའི་ཆེད་ལས་པ་སྐུ་ཞབས་ཨ་ལོཀ་དང་། ཝེ་ཀ་སི་རྣམ་གཉིས་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཁུལ་དང་།  སིལ་མོ་རྫོང་ཁུལ་གྱི་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་ཏུ་ཕེབས་ནས་ཉམས་ཞིབ་བྱས་ཡོད་པ་དང་། ཆེད་ལས་པ་སྐུ་ཞབས་ཨ་ལོཀ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ད་ལན་ས་གནས་སྨན་པ་དང་། སྨན་ཞབས་མ་ཚོས་ནད་པར་ལྟ་སྐྱོང་བྱེད་སྟངས་དང་། ནད་ཐོ་སོགས་ཡིག་ཚགས་ཁག་ཉར་ཚགས་བྱེད་སྟངས། སྨན་ཁང་ནང་སྒྲིག་ཆས་ཀྱི་མཐུན་རྐྱེན་ག་རེ་མཁོ་སྤྲོད་དགོས་མིན། ལྷག་པར་དུ་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ཉིད་དཔལ་འབྱོར་ཡོད་མེད་ཚང་མར་ཆེད་དུ་དམིགས་ནས་གསར་དུ་བཙུགས་པའི་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ཉེན་སྲུང་གཅིག་པུ་དེ་ཆགས་ཀྱི་ཡོད་ནའང་། འདས་པའི་ལོ་གཉིས་ལ་ཕྱིར་བལྟས་བྱེད་སྐབས་མི་མང་གིས་ཆ་ཤས་ལེན་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་མི་མངོན་པ་དང་། དེས་མ་འོངས་པར་འཕྲོད་བསྟེན་གྱི་ཉེན་སྲུང་ཐད་སེམས་འཚབ་སྐྱེ་དགོས་པ་ཆགས་ཡོད་པས་ལས་གཞི་ལམ་ལྷོང་དང་།  ཕུགས་འཕེལ་སྲ་བརྟན་ཡོང་སླད་ལ་དམིགས་ནས་ལས་དོན་ཁག་ལ་ཉམས་ཞིབ་བྱས་ཡོད་པ་བརྗོད་ཀྱི་འདུག
ད་དུང་ཁོང་གིས་ཉམས་ཞིབ་བྱས་སྐབས་གཙོ་བོ་མི་མང་རྣམས་ཀྱིས་ལས་གཞི་འདི་ལ་དེ་ཙམ་རྒྱུས་མངའ་ཡོང་ཐུབ་ཀྱི་མེད་པས་མི་མང་རྣམས་འཛུལ་ཞུགས་ཐུབ་ཀྱི་མི་འདུག་ཅེས་དང་། གལ་སྲིད་ལས་གཞི་འདི་ལ་མུ་མཐུད་རྒྱབ་སྐྱོར་མ་ཐུབ་ཚེ་ལས་གཞི་འདི་སྒོ་རྒྱག་དགོས་འཁེལ་མི་སྲིད་པ་མ་རེད་ཅེས་གསུང་སོང་།
ཐེངས་འདིར་ཆེད་ལས་པ་རྣམ་པ་གཉིས་ལྡེ་ར་ལྡུན་ཁུལ་དང་སིལ་མོ་རྫོང་ཁུལ་གྱི་ས་གནས་དྲུག་ལྷག་གྱི་འཕྲོད་བསྟེན་སྨན་ཁང་ཁག་ཏུ་ཆེད་ཕེབས་ཀྱིས་སྨན་པ་དང་།  སྨན་བཅོས་ཡོ་བྱད་སོགས་ཀྱི་ཐད་དྲི་བ་དྲིས་ལན་སོགས་གནང་སྟེ་ཉམས་ཞིབ་གནང་ཡོད་པ་དང་། ལྷག་པར་དུ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་གོ་རྟོགས་ལས་དོན་སོགས་ཀྱི་ཐད་ཉམས་ཞིབ་གནང་ཡོད་ཅིང་། ཉམས་ཞིབ་ཀྱི་གྲུབ་དོན་ཁག་རིང་མིན་ཚོགས་འཆར་ཡོད་པའི་འཕྲོད་བསྟེན་ཚོགས་འདུའི་ཐོག་ཞུ་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎