རྒྱ་ནག་ཉེན་རྟོག་པས་བོད་མི་ཞིག་ལ་ཉེས་རྡུང་ཚད་མེད་བཏང་བ།
2010.11.19
༄༅༎འདི་ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༩ སྟེ་ལྷ་བབ་དུས་ཆེན་གྱི་ཉིན་མོར། བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏྭ་ལའི་སྐོར་ལམ་དུ། བོད་མི་ཞིག་གིས་རང་གི་ལག་ཏུ་རྒྱང་བསྒྲགས་ཁྱེར་ཏེ་གློ་བུར་དུ་ངོ་རྒོལ་སྐད་འབོད་བྱས་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པས་ལམ་སེང་ཁོ་པ་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར། སྐབས་དེར་ཞབས་སྐོར་དུ་བསྐྱོད་མཁན་བོད་མི་མང་པོས་དངོས་སུ་མཐོང་ཡོད་པའི་སྐོར། བོད་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་འདི་གའི་ཨོས་ཀྲོརོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་འགྲེལ་བརྗོད་གནང་བ་ཞིག་གཤམ་ལ་གསན་རོགས།
![]() |
གསར་འགྱུར་ལ་གསན་རོགས། |