རྒྱ་གར་ཡུལ་མི་ཚོར་བོད་དོན་གོ་རྟོགས་སྤེལ་ཆེད་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་བོད་ཀྱི་ལོ་སར་དུས་སྟོན་སྲུང་བརྩི་གནང་གི་ཡོད་པ།

2024.02.03
རྒྱ་གར་ཡུལ་མི་ཚོར་བོད་དོན་གོ་རྟོགས་སྤེལ་ཆེད་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་བོད་ཀྱི་ལོ་སར་དུས་སྟོན་སྲུང་བརྩི་གནང་གི་ཡོད་པ། མཱེའེ་སོར་གྲོང་ཁྱེར་གྱི་(Nexus Centre City)ཁྲོམ་རྭའི་ནང་༸གོང་ས་མཆོག་གི་ཕྱག་དཔེ་འགྲེམས་སྟོན། ༢༠༢༤།༠༢།༠༢ ཉིན།
མེ་སོར་བོད་ཀྱི་སྡོད་ཁང་།

བོད་ལུགས་ལོ་སར་སླེབས་ལ་ཉེ་བའི་སྐབས་དང་བསྟུན་རྒྱ་གར་ལྷོ་ཕྱོགས་མཱེའེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པ་གཞན་ཕན་ཐེབས་རྩ་ཁང་དང་། མཱེའེ་སོར་གྲོང་ཁྱེར་གྱི་(Nexus Centre City)ཁྲོམ་རྭ་གཉིས་མཉམ་རུབ་གནང་སྟེ། སྤྱི་ཟླ་ ༢ པའི་ཚེས་ ༢ ནས་བཟུང་མེའེ་སོར་གྲོང་ཁྱེར་གྱི་(Nexus Centre City Mall)ཚོང་ཁྲོམ་ཁང་རང་དུ། རྒྱ་གར་ཡུལ་མི་ཚོར་བོད་དོན་ངོ་སྤྲོད་དང་གོ་རྟོགས་སྤེལ་སླད། དུས་སྟོན་གྱི་ལམ་ནས་བོད་ལུགས་ལོ་སར་ངོ་སྤྲོད་ཙམ་མ་ཟད་བོད་ཀྱི་ཆས་གོས་ངོ་སྤྲོད་ཀྱི་སྡེ་ཚན་དང་། བོད་ཀྱི་ཟས་རིགས་སྡེར་ཁ་དང་སྒྱུ་རྩལ་གྱི་རྣམ་གྲངས་འདྲ་མིན། བོད་དོན་ངོ་སྤྲོད་དང་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི། ༸གོང་ས་མཆོག་གི་ཕྱག་དེབ་སྣ་ཚོགས་དང་བོད་ཀྱི་རྐང་བྲོ་གླུ་གཞས་སྣ་ཚོགས་བཅས་ངོ་སྤྲོད་གནང་གི་ཡོད་པ། རྒྱ་གར་ལྷོ་ཕྱོགས་གཞན་ཕན་ཐེབས་རྩ་ཁང་གི་མེའེ་སོར་བོད་ཀྱི་སྡོད་ཁང་གི་འགན་འཛིན་ཐུབ་བསྟན་རྒྱལ་མཚན་ལགས་ནས་ངོ་སྤྲོད་གནང་གི་འདུག

22a9a7af-0ab4-46bd-8e53-42c556fdb99c.jpg

གཞན་ཡང་ཁོང་གིས་ཁོ་ཚོའི་རྩ་བའི་དམིགས་ཡུལ་ནི་རྣམ་པ་འདྲ་མིན་གྱི་ལམ་ནས་ས་གནས་ཡུལ་མི་ཚོར་བོད་དོན་ངོ་སྤྲོད་གནང་ཐུབ་ན། མི་སོ་སོའི་དགའ་མོས་དང་དོ་སྣང་བྱ་ས་མི་འདྲ་བའི་རྒྱུ་མཚན་གྱིས། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བོད་དོན་ལ་དོ་སྣང་ཡོང་རྒྱུར་ཕན་ཐོགས་འདུག་པས། འདི་གར་ས་གནས་ཡུལ་མི་ཚོས་དོ་སྣང་ཧ་ལས་པའི་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་ཀྱི་ལོ་སར་དུས་སྟོན་སྲུང་བརྩི་གནང་སའི་ནེཀ་ས་སི་ཁྲོམ་ར་ནི་མེའེ་སོར་གྲོང་ཁྱེར་གྱི་ཚོང་འདུས་གལ་ཆེན་ཞིག་ཡིན་པས། ལས་རིམ་སྣ་ཚོགས་ཀྱི་འཚང་ཀ་ཆེན་པོ་ཡོད་ནའང་། ནམ་རྒྱུན་བོད་མི་ཚོ་དང་ཚོང་རའི་འཛིན་སྐྱོང་འགན་འཛིན་དབར་འབྲེལ་ལམ་ཡག་པོ་ཡོད་པར་བརྟེན། མཉམ་རུབ་ཀྱིས་ལོ་སར་དུས་སྟོན་གོ་སྒྲིག་གི་གོ་སྐབས་ཐོབ་པ་མ་ཟད། བོད་ཀྱི་ལོ་སར་དུས་སྟོན་འདི་ན་ནིང་ལས་ད་ལོ་གྲ་རྒྱས་པོ་བྱུང་བ་དང་། སང་ཕོད་དེ་ལས་ཀྱང་གོ་སྒྲིག་འཐུས་ཚང་བྱ་རྩིས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་གར་ལྷོ་ཕྱོགས་མེའེ་སོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པ་གཞན་ཕན་ཐེབས་རྩ་ཁང་དེ་སྤྱི་ལོ་ ༢༠༢༠ ལོར་བཙུགས་ནས། འཕྲོད་བསྟེན་དང་ཤེས་ཡོན། སྤྱི་ཚོགས་ཞབས་ཞུ་བཅས་ལ་དམིགས་ཡོད་པའི་ཐོག མེའེ་སོར་གྲོང་ཁྱེར་ནང་བོད་རིགས་སློབ་ཕྲུག་དང་གཞོན་སྐྱེས་ཧ་ཅང་མང་པོ་གནས་སྡོད་གནང་གི་ཡོད་པས། དེ་གར་བོད་ཀྱི་སྡོད་ཁང་བཙུགས་ཡོད་པ་མ་ཟད། རྒྱ་གར་དང་བོད་ཀྱི་སློབ་ཕྲུག་ཕན་ཚུན་བར་འབྲེལ་ལམ་འཇོག་པ་དང་། མིའི་སྤྱི་ཚོགས་སུ་བཟང་སྤྱོད་ཀྱི་ལམ་ནས་མདུན་ལམ་འཚོལ་སྟངས། ན་གཞོན་རྣམས་ཀྱི་དབར་ཤེས་ཡོན་བརྗེ་རེས་ཀྱི་འབྲེལ་ལམ་འཛིན་ཚུལ་སོགས། རྒྱ་གར་དང་བོད་མིའི་སྤྱི་ཚོགས་ནང་གཞན་ཕན་དང་བཟང་སྤྱོད་ཀྱི་གནས་ཚུལ་དང་འབྲེལ་བའི་ལས་དོན་རྒྱ་ཆེ་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎