གར་སོང་ཆ་མེད་དུ་གྱུར་ཡོད་པ།
2013.06.10
༄༅༎ཟླ་བ་འདིའི་ཚེས་༨་རེས་གཟའ་སྤེན་པའི་ཞོགས་པ་བོད་བར་ཞི་བའི་གོམ་བགྲོད་གནང་མཁན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀ་ལོན་སྦུག་ཏུ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་འདུག གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་དགོས་འདུན་དོན་ཚན་ ༥ བཏོན་གནང་སྟེ། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་ ༢ པ་འགོ་འཛུགས་གནང་སྟེ། རྒྱ་གར་མངའ་སྡེ་ ༦ ཙམ་བརྒྱུད་དེ་ཉིན་གྲངས་ ༨༩ ཙམ་རིང་གོམ་བགྲོད་གནང་རྗེས། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་གྲོང་ཁྱེར་ཀ་ལོན་སྤུག་ཏུ་ཡོད་པའི་སྲས་རྒྱུད་གྲྭ་ཚང་ནང་རྐང་འཁོར་དང་ཅ་ལག་ཚང་མ་བཞག་སྟེ་གར་སོང་ཆ་མེད་གྱུར་ཡོད་པ་རེད།
ཀ་ལོན་སྤུག་སྲས་རྒྱུད་གྲྭ་ཚང་གི་འགན་འཛིན་ཟུར་པ་བསོད་ནམས་རྒྱལ་མཚན་ལགས་སུ་བོད་ཀྱི་དུས་བབ་ཀྱིས་བཅར་འདྲི་ཞུས་པར། ཁོང་གིས་ཚེ་བརྟན་རྡོ་རྗེ་ལགས་སྲད་རྒྱུད་གྲྭ་ཚང་དུ་ཉིན་ ༢ རིང་གནས་ཚང་གཡར་ནས་བསྡད་པ་དང་། ཚེས་ ༨ ཉིན་གྱི་ཞོགས་པར་ཁོ་རང་གི་ཅ་དངོས་ཆ་ཚང་བཞག་སྟེ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེའི་རྗེས་རྒྱ་གར་ས་གནས་གསང་བའི་ལས་ཁུངས་ཀྱི་མི་སྣ་དགོན་པར་ཡོང་སྟེ་འབྲེལ་ཡོད་ཚོར་ཚེ་བརྟན་རྡོ་རྗེའི་སྐོར་ཐེངས་མང་འདྲི་རྩད་བྱས་སོང་ཞེས་གསུངས་འདུག།