སུད་སིར་ཕ་སྐད་གཙང་མའི་འགྲན་བསྡུར།

བོད་ཀྱི་སྐད་ཡིག་ལ་གོམས་བྱང་དང་བོད་པའི་འདུ་ཤེས་གོང་མཐོར་སྤེལ་ཆེད་འགྲན་བསྡུར་གོ་སྒྲིག་གནང་འདུག

2012.12.02

༄༅༎སུད་སི་མངའ་སྡེ་སངྒ་ལེན་ས་གནས་བོད་ཡིག་སློབ་གྲྭའི་ཚོགས་ཆུང་གིས་གོ་སྒྲིག་འོག ཨོ་ཙི་ཝེལ་དུ་སུད་སིའི་བོད་ཡིག་སློབ་གྲྭ་ཁག་གི་བོད་རིགས་སློབ་ཕྲུག་ཚོར་སུད་སི་རྒྱལ་ཡོངས་བོད་རིགས་ན་ཆུང་བྱིས་པའི་ཕ་སྐད་གཙང་མའི་འགྲན་བསྡུར་ཞིག་ཞུས་གནང་འདུག
ཕ་སྐད་གཙང་མའི་འགྲན་བསྡུར་མཛད་སྒོ་དེར་སུད་སི་རི་ཀོང་མཁན་རིན་པོ་ཆེ་དང་སུད་སི་སྐུ་ཚབ་དོན་གཅོད། སྤྱི་ཟུར། དེ་བཞིན་ཁུལ་དེའི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས་གཙོས་པའི་མི་མང་བརྒྱ་ལྷག་འདུ་འཛོམས་བྱུང་གནང་ཡོད་འདུག  ལས་འགུལ་གྱི་དམིགས་ཡུལ་ནི། སུད་སི་གཙོས་པའི་ཡུ་རོབ་ཁུལ་སྡོད་བོད་མི་ཚོས་་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་། ལྷག་པར་དུ་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་ལ་གོམས་བྱང་དང་། བོད་པའི་འདུ་ཤེས་གོང་མཐོར་སྤེལ་ཆེད་ཡིན་འདུག འགྲན་བསྡུར་གྱི་གཟུར་དཔང་ ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་དང་། ཕ་རན་སི་ནས་ཕེབས་པ་མདོ་སྨད་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས། སུད་སི་ནས་ཕེབས་པ་དགེན་དཀོན་མཆོག་ལགས་བཅས་ཀྱི་གནང་ཡོད་འདུག ལས་འགུལ་གོ་སྒྲིག་པ་དཀོན་མཆོག་བཀྲ་ཤིས་ལགས་ཀྱིས། “ བོད་པའི་འཐབ་རྩོད་གནང་སྟངས་དེ་སྐད་འབོད་གཅིག་པུ་མིན་པར། མི་རིགས་ཀྱི་རྒྱུ་རྩལ་་དང་། རྩོམ་འབྲི། རི་མོ། རོལ་མོ་སོགས་ཀྱི་ཐོག་ནས་འཐབ་རྩོད་བྱེད་སྟངས་ཡོད་པ་རེད། ལྷག་པར་དུ་བོད་པའི་འཐབ་རྩོད་ཀྱི་གཞི་བཅོལ་ས་གཙོ་བོ་ཞིག་བོད་པའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དེ་ཆགས་ཡོད་དུས། ང་ཚོས་སྐད་ཡིག་སྲུང་སྐྱོབ་དར་སྤེལ་གྱི་ལས་འགུལ་ཐོག་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད” ཅེས་གསུངས་བོད་ཀྱི་དུས་བབ་ཀྱིས་ལུང་འདྲེན་བྱས་འདུག།   འགྲན་བསྡུར་དེ་ཁ་སང་ཉིན་རྒྱབ་ཆུ་ཚོད་༣།༣༠ནས་དགོང་མོའི་ཆུ་ཚོད་༡༠བར་གནང་བའི་མཐར་  སངྒ་ལེན་སློབ་གྲྭའི་སློབ་ཕྲུག་བསྟན་འཛིན་བཟང་མོ་ལགས་སུ་ཨང་དང་པོའི་བྱ་དགའ་སུད་སྒོར་༥༠༠དང་། ཨང་གཉིས་པ་ཧོར་གྷན་སློབ་གྲྭའི་་བསྟན་འཛིན་འཆི་མེད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་༣༠༠  ཨང་གསུམ་པ་སཱོ་ལོ་ཊོན་སློབ་གྲྭའི་ངག་དབང་ཆོས་སྐྱིད་ལགས་སུ་ཐོབ་སྟེ་བྱ་དགའ་སུད་སྒོར་ ༢༠༠ བཅས་གསོལ་རས་སུ་བསྩལ་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎