ཕྱི་སྡོད་བོད་ཕྲུག་ལ་མི་རིགས་སྐད་ཡིག་སློབ་གཞི་རྩོམ་སྒྲིག

རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་བརྒྱུད་སྤྲོད་གནང་ཆེད་སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་འཁྲིད་ཀྱི་བསླབ་གཞིའི་སློབ་དེབ།

2012.05.30

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ཕྱི་སྡོད་བོད་མིའི་བུ་ཕྲུག་ཚོར་རང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་བརྒྱུད་སྤྲོད་གནང་རྒྱུའི་དམིགས་ཡུལ་གཙོ་བཟུང་ཐོག་ནས་ སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་འཁྲིད་ཀྱི་བསླབ་གཞིའི་སློབ་དེབ་རྩོམ་སྒྲིག་གནང་རྒྱུའི་ལས་འཆར་གསལ་བསྒྲགས་གནང་འདུག།

གོང་ཞུས་གསལ་བསྒྲགས་དེའི་ནང༌། བོད་མི་རྣམས་བཙན་བྱོལ་དུ་ལོ་ངོ་༥༠ལྷག་གནས་པའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་ཁོར་ཡུག་དང་མི་རབས་བརྗེ་འགྱུར་ལ་བརྟེན་ནས་སྐད་དང་རིག་གཞུང་ཉམ་རྒུད་ཇི་ཆེར་འགྲོ་བཞིན་ཡོད་ཅིང༌། ལྷག་པར་དུ་ཉེ་བའི་ལོ་ངོ་བཅུ་ཕྲག་ཅིག་ལྷག་ཙམ་རིང་བོད་མི་མང་པོ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོས་ཀྱི་གྲངས་འབོར་ལྡབ་འཕར་བྱུང་བ་དང་འབྲེལ། ཕྱི་སྡོད་བོད་མིའི་བུ་ཕྲུག་ཚོར་མི་རིགས་སྐད་ཡིག་རིག་གཞུང་གི་གཅེས་ནོར་བརྒྱུད་སྤྲོད་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡོད་སྐོར་བཀོད་གནང་འདུག།

ཤེས་རིག་ལས་ཁུངས་ནས་ད་བར་ས་གནས་མང་པོ་ཞིག་ཏུ་བོད་མི་ཚོགས་སྒེར་ཚང་མས་རིགས་ཞེན་ལྷག་བསམ་གྱིས་དང་དུ་བླངས་ནས་སློབ་གྲྭ་དང་འཛིན་གྲྭ་ཟུར་འཛུགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྩམས་དང་རྩོམ་བཞིན་ཡོད་པར་བསྔགས་བརྗོད་ཡི་རང་དང་ཆབས་ཅིག། ཤེས་རིག་ལས་ཁུངས་ནས་གོང་གསལ་གནས་སྟངས་ལ་ཆེད་དུ་དམིགས་ཏེ་སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་ཁྲིད་ཀྱི་བསླབ་གཞིའམ་སློབ་དེབ་རྩོམ་སྒྲིག་བྱ་རྒྱུའི་ཐག་གཅོད་དང་འབྲེལ་ད་ལོ་ནས་བཟུང་ལས་གཞི་དངོས་སུ་དབུ་འཛུགས་གནང་ཡོད་པ་དང༌། ལས་གཞི་དེ་དག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས་ལག་བསྟར་གནང་རྒྱུ་ཡིན་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎