རྒྱ་སྐད་ཐོག་སློབ་ཁྲིད་བྱ་རྒྱུར་ངོ་རྒོལ།
2013.01.03
༄༅། །དེ་ཡང་ཟླ་བ་སྔོན་མའི་ཚེས་ ༣༡ ཉིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚོགས་དུས་གཉིས་པ་ཟེར་བ་འཚོགས་པའི་སྐབས་དང་བསྟུན་ནས། མཚོ་སྔོན་རེབ་གོང་དང་གཅན་ཚ། མགོ་ལོག་དང༌། ཡུལ་ཤུལ་སོགས་ཀྱི་ས་ཁུལ་ཁག་ཏུ་ཁྱོན་བསྡོམས་དགེ་རྒན་ལྔ་བརྒྱ་དང་སློབ་མ་ལྔ་སྟོང་ཙམ་གྱིས་རྒྱ་ནག་གིས་བོད་ཀྱི་སློབ་གྲྭ་ཁག་གི་ནང་དུ་བོད་ཡིག་ལས་གཞན་པའི་སློབ་ཚན་རྣམས་རྒྱ་ཡིག་ལ་བསྒྱུར་རྒྱུའི་སྲིད་ཇུས་ལ་ངོ་རྒོལ་གྱི་མིང་རྟགས་བསྡུ་རུབ་བྱེད་པའི་ལས་འགུལ་ཞིག་སྤེལ་བཞིན་ཡོད་དང། མིང་རྟགས་བསྡུ་རུབ་བྱས་པའི་སྙན་ཞུ་དེའི་ནང་དུ། སྲིད་གཞུང་གི་འབྲེལ་ཡོད་ཚན་པས་སློབ་གྲྭའི་སློབ་ཚན་རྣམས་རྒྱ་སྐད་ནང་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བོད་ཕྲུག་སློབ་མ་རྣམས་ཀྱི་ནང་སློབ་སྦྱོང་ཐོག་སེམས་ཤུགས་མངོན་གསལ་དོད་པོའི་དམའ་རུ་འགྲོ་བཞིན་ཡོད་སྟབས། ང་ཚོ་དགེ་སློབ་ཚང་མས། འབྲེལ་ཡོད་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ལུགས་ནང་དུ། རང་སྐྱོང་ས་ཁུལ་དུ་རང་མི་རིགས་ཀྱི་སྐད་ཡིག་གཙོ་བོར་འཛིན་དགོས་པའི་གཏན་འབེབས་་གཞིར་བཟུང་། སློབ་ཚན་རྒྱ་སྒྱུར་བྱེད་པའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་ཞེས་བཀོད་ཡོད་པ་རེད་འདུག།