བོད་ཁམས་དཀར་མཛེས་ཁུལ་དུ་བོད་མི་ཞིག་བསད་ཡོད་པ།
2009.10.30
༄༅༎འདི་ལོའི་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་དུ།རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་བོད་ཤར་ཕྱོགས་དཀར་མཛེས་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཞིག་ལ་མེ་མདའ་རྒྱབ་སྟེ་བསད་འདུག དེ་ཡང་ས་གནས་ནས་མིང་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས།འདི་གའི་ཨོས་ཀྲོརོ་ལི་ཡའི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་སུ་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན།ཉེན་རྟོག་པའི་མེ་མདའི་འོག་ཚེ་སྲོག་བཤོར་བའི་བོད་མི་དེའི་མིང་ལ་སངས་རྒྱས་ཟེར་གྱི་ཡོད་པ་དང་།ཁོང་སྐབས་དེར་རང་གི་དོས་སྐྱེལ་རླངས་འཁོར་ཞིག་ནང་ཤིང་ཆས་ཕྲན་བུ་འོར་འདྲེན་བྱེད་པའི་སྐབས།ཉེན་རྟོག་པས་ལམ་གཞུང་དུ་བཀག་སྟེ་ཤིང་ཆས་བཙན་འཕྲོག་བྱས་པར་བརྟེན།ཕན་ཚུན་ཁ་རྩོད་ཤོར་བའི་རྗེས།ཉེན་རྟོག་པས་ཁོང་ལ་མེ་མདའ་བརྒྱབ་ནས་བསད་པ་མ་ཟད་།གནས་ཚུལ་དེ་ཕྱི་གྱར་མི་བཟོ་བའི་གུན་གསབ་ཏུ་ཁོང་གི་ནང་མི་རྣམས་ལ་རྒྱ་མིའི་སྒོར་མོ་ལྔ་ཁྲི་ལྔ་སྟོང་སྤྲད་ཡོད་པའི་སྐོར་འདི་ལྟར་འགྲེལ་བརྗོད་གནང་འདུག།