འབྲུག་ནས་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཆོད་འབུལ།

འབྲུག་ཡུལ་དུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གནང་སྟེ་རང་ལུས་མེ་བསྲེག་བཏང་མཁན་འདས་གསོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མཆོད་འབུལ་སྨོན་ལམ་ཚོགས་ཡོད་འདུག

2012.11.20

འབྲུག་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་བདེ་དོན་ལས་ཁུངས་ནས་བཏང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་པ་དེ་ལ་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་ཏེ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་བསྟུད་མར་བྱུང་བཞིན་ཡོད་སྟབས། བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་སྤྱི་དང༌། ལྷག་པར་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེ་བསྲེག་བཏང་མཁན་འདས་སོན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་ཆེད་ཕྱི་ཟླ་བཅིུག་པའི་ཚེས་༡༣ ཉིན་འབྲུག་གི་རྒྱལ་ས་ཐིམ་ཕུ་ཁུལ་དུ་གནས་སྡོད་བོད་མིའི་གཞིས་ཆགས་ཁག་བཞིའི་ནང་གི་བོད་ཀྱི་དགོན་པའི་ནང་བོད་མི་རྣམས་འདུ་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་མ་ཟད། ཕྱི་ཟླ་བཅིུག་པའི་ཚེས་༢༡ ཉིན་རེས་གཟའ་ལྷག་པ་ལྷ་དཀར་སྐུའི་བླ་གཟའ་འཁེལ་བའི་ཉིན་བོད་མིའི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཁག་ནང་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་རྒྱུའི་འཆར་གཞི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎