བོད་ཀྱི་ཆབ་སྲིད་བཙོན་པ་དྲུག་གི་གནས་སྟངས་ངོས་འཛིན་གསལ་ཁ་བཏོན་འདུག


2018.02.22
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐོག ༢༠༡༨།༢།༢༠ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐོག ༢༠༡༨།༢།༢༠
DIIR

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐོག་བོད་ཀྱི་བཙོན་པའི་གནས་སྟངས་ངོས་འཛིན་གྱི་གསལ་ཁ་བཏོན་འདུག
ཉེ་ལམ་ཕྱི་ཚེས་༢༠ ཉིན་སུས་སི་གྲོང་ཁྱེར་ཇི་ནི་ཝར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་སྲུང་སྐྱོབ་ལྷན་ཚོགས་ཐེངས་ ༡༠ པ་ཚོགས་ཡོད་པའི་སྐབས། འཛམ་གླིང་ནང་གི་བ་སྲིད་བཙོན་པ་གྲངས་ ༣༥ ཙམ་ལ་བཙོན་འཇུག་ཉིན་གྲངས་ག་ཚོད་བྱས་ཡོད་པའི་གནས་ལུགས་འཁོད་པའི་འདྲ་པར་དཔྱངས་ཞིང་། དེའི་ཁོངས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་༦ གི་འདྲ་པར་ཡང་དཔྱངས་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག བོད་མི་ཆབ་སྲིད་བཙོན་པ་དྲུག་གི་འདྲ་པར་ནང་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡོད་ཅིང་།  ཁོང་ནི་རྒྱ་ནག་གཞུང་གིས་བཙོན་འཇུག་ཉིན་གྲངས་ ༨༣༡༥ བྱས་ཏེ་དུས་ཡུན་རིང་ཤོས་ཅན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་ཞིག་ཏུ་གྱུར་ཡོད་པ་གསལ་འདོན་བྱས་འདུག
དེ་བཞིན་ཨ་མདོ་རྔ་བའི་ཁུལ་དུ་རང་ལུས་མེར་སྲེག་རྒྱུད་སྐུལ་བྱས་པའི་ཉེས་མིང་འོག་དུས་ཚོད་ནར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་བཅད་དེ་བཙོན་འཇུག་ཉིན་གྲངས་ ༡༩༠༧ སོང་བའི་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་དང་། རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་རྐྱེན་གྱིས་བཙོན་འཇུག་ཉིན་གྲངས་ ༡༨༠༤ འགྲོ་བཞིན་ཡོད་པའི་དཀོན་མཆོག་དབང་མོ་ལགས་ཀྱི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས། ལོ་ ༡༥ བཙོན་དུས་ཁྲིམས་བཅད་ཀྱིས་ད་བར་བཙོན་འཇུག་ཉིན་གྲངས་ ༢༩༧༠ འགྲོ་བཞིན་པ་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས།  ཡང་ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་གྱེན་ལངས་ཀྱི་གནས་ཚུལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོག་བཙོན་འཇུག་ལོ་ ༡༥ ཕོག་སྟེ་ ད་ལྟ་བར་ཉིན་གྲངས་ ༣༦༤༣ བཙོན་འཇུག་འགྲོ་བཞིན་ཡོད་པ་སྨན་པ་ཡེ་ཤེས་ཆོས་སྒྲོན་ལགས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱ་སྟོན་སྲུང་བརྩི་ཞུས་པའི་རྐྱེན་གྱིས་ལོ་ངོ ༧ བཙོན་དུས་ཁྲིམས་བཅད་ཕོག་པ་དང་ད་ལྟ་བར་དུ་བཙོན་འཇུག་ཉིན་གྲངས་ ༨༢༣ འགྲོ་བཞིན་ཡོད་པ་བོན་སྒོ་སྐྱིད་ལགས་བཅས་ཡིན་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎