བོད་མིའི་ཨོ་ལིམ་པིག་གི་ལུས་རྩལ་འགོ་འཛུགས་གནང་རྒྱུ།

བོད་མིའི་ཨོ་ལིམ་པིག་གི་ལུས་རྩལ་ཞེས་པ་དེ་སང་ཉིན་རེས་གཟའ་ཕུར་བུ་ནས་བཟུང་བཞུགས་སྒར་དུ་འགོ་འཛུགས་གནང་གི་ཡོད་པ་རེད་

2008.05.21

༄༅༎བཙན་བྱོལ་བོད་མིའི་དམངས་ཁྲོད་ཀྱི་ལུས་རྩལ་འགྲན་ཚོགས་བོད་མིའི་ཨོ་ལིམ་པིག་གི་ལུས་རྩལ་ཞེས་པ་དེ་སང་ཉིན་རེས་གཟའ་ཕུར་བུ་ནས་བཟུང་བཞུགས་སྒར་རྡ་རམ་ས་ལར་དངོས་སུ་འགོ་འཛུགས་གནང་གི་ཡོད་པ་རེད་

ལུས་རྩལ་འགྲན་ཚོགས་དེའི་ནང་ཆུ་རྒྱལ་རྒྱག་ཡས་དང་ མདའ་འཕེན་ཡས་ལྕགས་རྡོ་དབྱུགས་ཡས་ལ་སོགས་ལུས་རྩལ་གྱི་རྣམ་གྲངས་མི་འདྲ་བ་ཁག་སྣ་མང་ཞིག་ཡོད་པ་རེད་ ལུས་རྩལ་འགྲན་ཚོགས་འགོ་སྒྲིག་གནང་མཁན་ངོས་ནས་གསུང་ན་ ད་རེས་ཀྱི་ལུས་རྩལ་འགྲན་ཚོགས་དེ་བོད་ནང་བོད་མིའི་ཞི་བའི་གྱེན་ལངས་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་དང་བྱེད་བཞིན་པར་ཐེར་བཏོན་ཆེད་དུ་དམིགས་པ་ཞིག་ཡིན་པ་ལས་རྒྱ་ནག་གི་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ལ་ངོ་རྒོལ་གཏོར་བཤིག་ཡོང་རྒྱུའི་ཆེད་དུ་མིན་ལུགས་བརྗོད་ཡོད་པ་རེད་

ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་བོད་པའི་བེུད་སྒྲོལ་མ་ལགས་ཀྱིས་གསུང་ན་ ང་ཚོའི་རྩེད་མོའི་འགྲན་ཚོགས་དེས་རྒྱ་ནག་གི་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ལ་གཏོར་བཤིག་གཏོང་རྒྱུའི་ལས་འགུལ་ཞིག་མིན་པར་ཨོ་ལིམ་པིག་གི་ཚོགས་ཡུལ་རྒྱ་ནག་གི་ཉེ་འཁྲིས་བོད་ནང་སྡུག་སྦྱོང་མནར་གཅོད་ཀྱི་གནས་སྟངས་གསལ་རྟོགས་སླད་ལུས་རྩལ་འགྲན་ཚོགས་དེ་འདྲ་ཞིག་སྐོངས་ཚོགས་གནང་གི་ཡོད་ལུགས་གསུང་འདུག

རྒྱ་ནག་གཞུང་གིས་འདི་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་བོད་མིའི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་འགོ་བཙུགས་ནས་བོད་མི་མང་པོ་རྐྱེན་འདས་སུ་བཏང་བ་དང་འཛིན་བཟུང་བྱས་པ་སོགས་བཙན་བྱོལ་བོད་གཞུང་གི་སྟོན་གནང་བའི་སྙན་ཐོའི་ནང་བོད་མི་རྐྱེན་འདས་སུ་གྱུར་བ་མི་གྲངས་ ༢༠༣ དང་དེ་བཞིན་བོད་མི་སྟོང་ཕྲག་གཅིག་ཙམ་རྨས་སྐྱོན་ཕོག་ཡོད་ལུགས་གསུང་ཡོད་ཀྱང་ རྒྱ་ནག་གཞུང་གིས་དེའི་ཐད་ཁས་ལེན་བྱེད་ཀྱི་མེད་པ་རེད་ཅེས་བཀོད་འདུག

དེ་བཞིན་ཡང་ད་རེས་ལུས་རྩལ་འགྲན་ཚོགས་འགོ་སྒྲིག་གནང་མཁན་ངོས་ནས་མུ་མཐུད་གསུང་ན་ རྒྱ་ནག་ནང་སྐོངས་ཚོགས་གནང་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ལ་ཁོང་གིས་རྒྱབ་སྐྱོར་ཞུ་གི་ཡོད་ཀྱང་ རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་སྐྱོན་བརྗོད་གནང་གི་ཡོད་ཅེས་གསར་འགོད་པར་གསལ་སྟོན་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎