སྐུ་ཚབ་མང་ཆེ་བས་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར།

སྐུ་ཚབ་མང་ཆེ་བས་༸གོང་ས་མཆོག་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར།

2008.11.22

༄༅༎འདི་ཚེས་བཅུ་བདུན་ནས་བཟུང་དུས་ཡུན་ཉིན་གྲངས་དྲུག་རིང་བཞུགས་སྒར་རྡ་རམ་ས་ལར་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མིའི་སྐུ་ཚབ་ལྔ་བརྒྱད་བརྒལ་བ་ལྷན་འཛོམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་སྟོན་བཞིན་དམིགས་བསལ་ཚོགས་ཆེན་ཚུགས་གནང་སྟེ་མ་འོངས་བོད་ཀྱི་ལམ་ཕྱོགས་ཐོག་གྲོས་མོལ་གནང་བ་བརྒྱུད་སྐུ་ཚབ་མང་ཆེ་བས་༸གོང་ས་མཆོག་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཞུས་ཡོད་པ་རེད།

ད་རེས་གཟའ་སྤེན་པའི་ཉིན་བོད་མིའི་དམིགས་བསལ་ལྷན་ཚོགས་ཀྱི་མཇུག་བསྒྲིལ་མཛད་སྒོའི་སྐབས་བཙན་བྱོལ་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་ལགས་ཀྱིས་ད་རེས་ཚོགས་ཆེན་དེའི་ཐོག་ཕེབས་པའི་བོད་མིའི་སྐུ་ཚབ་འགོ་ཁྲིད་སོགས་མི་གྲངས་ལྔ་བརྒྱ་ལྷག་ཙམ་ཡོད་པ་རྣམས་ལ་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་མུ་མཐུད་དེ་རྒྱ་ནག་གཞུང་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་རང་སྐྱོང་གནས་བབ་ཐོབ་ཐབས་བྱ་རྒྱུའི་སྐོར་གསལ་བསྒྲགས་གནང་སྐབས་ཚོགས་ཆེན་ཐོག་ཕེབས་པའི་བོད་མིའི་སྐུ་ཚབ་རྣམས་པས་དགའ་བསུ་ཞུས་ཡོད་པའི་སྐོར་ཨེ་པིའི་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་འཁོད་འདུག ཡིན་ནའང་ད་རེས་ཀྱི་བོད་མིའི་དམིགས་བསལ་ལྷན་ཚོགས་དེའི་ཐོག་བོད་མིའི་སྐུ་ཚབ་གཞོན་སྐྱེས་ཚོས་དེ་སྔའི་སྲིད་བྱུས་མདོར་ནས་བོད་རང་བཙན་གཙང་མའི་འཐབ་རྩོད་བྱ་དགོས་པའི་བསམ་འཆར་ཤུགས་ཆེན་པོ་བཏོན་ཡོད་པ་མ་ཟད་དེ་སྔ་དང་མི་འདྲ་བར་རྒྱ་ནག་གཞུང་གི་ཐོག་ལ་ཡང་སྲིད་བྱུས་མཁྲེགས་པོའི་ལངས་ཕྱོགས་སུ་བཞེངས་དགོས་པའི་བསམ་ཚུལ་ཡང་ཤུགས་ཆེ་བཏོན་ཡོད་པ་རེད། བོད་རང་བཙན་རྩོད་ལེན་མ་བྱས་པར་བོད་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་ཐོབ་ཐང་ཞིག་ཐོབ་ཐབས་ཆེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་སྲིད་བྱུས་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་འཛིན་བཞིན་པའི་སྲིད་བྱུས་ཤིག་ཡིན་ན་ཡང་འདས་པའི་ལོ་མང་རིང་བོད་རྒྱའི་འབྲེལ་མོལ་ཐེངས་མང་གནང་ཡོད་ཀྱང་དོན་འབྲས་མ་སོན་པའི་རྐྱེན་གྱིས་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐོག་ནས་བསྐྱར་ཞིབ་དང་བོད་དོན་འཐབ་རྩོད་ཐོག་གཞིས་བྱེད་བོད་མི་ཡོངས་ཀྱི་བསམ་ཚུལ་ཇི་ཡོད་མཁྱེན་རྟོགས་དང་ལག་ལེན་བསྟར་རྒྱུ་སོགས་ལ་དགོངས་པ་ཆེ་བཞེས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུའི་ནང་དགོངས་དོན་བཞིན་ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་དེ་ཚོགས་རྒྱུའི་དགོངས་བཏོན་གནང་བ་ཞིན་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎