སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གྲངས་ཕྱོཊ་བསྡོམས་གནང་བཞིན་པ།


2015.11.23
བོད་མིའི་སྒྲིག་འཛུཊ་ཀྱི་དབུས་འོས་བསྡུ་ལས་ཁུངས། ༢༠༡༤ བོད་མིའི་སྒྲིག་འཛུཊ་ཀྱི་དབུས་འོས་བསྡུ་ལས་ཁུངས། ༢༠༡༤
Photo: RFA

བོད་མིའི་སྒྲིག་འཛུཊ་ཀྱི་དབུས་འོས་བསྡུ་ལས་ཁང་ནས་མ་འོངས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ཕྱོཊ་བསྡོམས་གནང་བཞིན་པ་རེད།
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༦་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་གྲོས་ཚོགས་ཀྱི་འཐུས་མི་གཏན་འབེབས་ཀྱི་ཆེད་དུ། ཉེ་བའི་ཕྱི་ཟླ་བཅུ་པའི་ཚེས་༡༨་ཉིན་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་བོད་མིའི་སྡོད་གནས་ཁག་གི་ནང་བོད་མི་ཚོས་སྔོན་འགྲོའི་འོས་བསྡུ་གནང་ཡོད་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་འདི་ཚེས་༢༣ཉིན་ནས་བཟུང་རྒྱ་གར་གྱི་གཙོས་བོད་མིའི་འདུས་སྡོད་ས་གནས་ཁག་༨༥ནས་འབྱོར་བའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་གྲངས་བཤེར་དང་ཕྱོགས་བསྡོམས་གནང་འགོ་བཙུགས་ཡོད་པ་རེད།
འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། དབུས་ཀྱི་གྲངས་བཤེར་ཕྱོགས་བསྡོམས་སྒྲིག་གཞིའི་དགོངས་དོན་ལྟར། འོས་བསྡུའི་འགན་འཛིན་དང་འོས་བསྡུའི་འགན་འཛིན་ལས་འཕར་གསུམ། དེའི་སྒང་ལ་ཟུར་དཔང་གི་ཚུལ་དུ་སྤྱི་འཐུས་རྒྱུན་ལས་ནས་ཆོལ་ཁ་རེ་ནས་མི་གཅིག་དང་། ཆོས་བརྒྱུད་རེ་ནས་མི་གཅིག་བཅས་སྤྱི་འཐུས་ནས་མི་༨ཕེབས་ཏེ་མཉམ་དུ་གྲངས་བཤེར་བྱེད་བཞིན་ཡོད་ལ། གྲངས་བཤེར་ཕྱོགས་བསྡོམས་ལ་ཉིན་གྲངས་ ༡༥ཡི་ལས་རིམ་བཞག་ཡོད་པ་ལྟར། དུས་ཡུན་དེའི་ནང་ཚར་ཐུབ་པའི་རེ་བ་ཡོད་པ་དང་། འོས་བསྡུའི་ལས་རིམ་གཏན་འབེབས་ལྟར་འདི་ལོའི་ཕྱི་ཟླ་༡༢ ཚེས་༤ཉིན་གསལ་བསྒྲགས་གནང་རྒྱུ་དང་། སྒྲིག་གཞིའི་དགོངས་དོན་བཞིན་སྤྱི་འཐུས་གསུམ་ལྡབ་ལས་མ་ཉུང་བ་ཞིག་དང་། དེ་སྔོན་གསལ་བསྒྲགས་གནང་བ་ལྟར། སྲིད་སྐྱོང་འོས་མི་གཉིས་བཅས་གསལ་བསྒྲགས་གནང་རྒྱུ་ཡིན་ལ། སྲིད་སྐྱོང་འོས་མི་གཉིས་དེར་འགྱུར་བ་འགྲོ་དགོས་པའི་གནད་དོན་གང་ཡང་ཆགས་ཀྱི་མེད་ཅེས་དང༌། ད་དུང་དབུས་འོས་བསྡུ་ལས་ཁུངས་ལ་རྙོག་དྲ་བྱུང་ཡོད་པ་དང་། མ་འགྲིག་མ་འཐུས་བ་དཔང་རྟགས་དང་བཅས་བའི་ཞུ་གཏུགས་བྱེད་མཁན་དེ་འདྲ་གང་བྱུང་མ་སོང་བཅས་ངོ་སྤྲོད་གནང་འདུག
ཡང་སྤྱིར་བཏང་ས་གནས་ཁག་གིས་འོས་ཤོག་གྲངས་བཤེར་ཚར་རྗེས། ཆུ་ཚོད་༢༤འགྱངས་མེད་འོས་གྲངས་གསལ་བསྒྲགས་དགོས་པའི་ལམ་སྟོན་གནང་བ་ལྟར། ས་གནས་སོ་སོའི་ནག་པང་སོགས་ཀྱི་ཐོག་ཡི་གེ་སྦྱར་ནས་གསལ་བསྒྲགས་བྱས་ཡོད་པ་དེ་ལྟར་ཡང༌། མཐའ་མའི་འོས་བསྡུའི་གྲུབ་འབྲས་དབུས་འོས་བསྡུ་ལས་ཁུངས་ནས་གྲངས་བཤེར་ཕྱོགས་བསྡོམས་གནང་བ་དེར་རྩ་འཛིན་གནང་དགོས་པ་ཞིག་ཆགས་བསྡད་ཡོད་ཅེས་གསུངས་ཡོད་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎