རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་མིའི་འོས་བསྡུའི་ཐད་དོ་སྣང་།


2015.10.19
ཨོ་སུ་ཁྲི་ལེ་ཡར་བོད་མི་ཞིག་གིས་འོས་ཤོག་བླུགས་བཞིན་པ། ༢༠༡༥།༡༠།༡༨ ཨོ་སུ་ཁྲི་ལེ་ཡར་བོད་མི་ཞིག་གིས་འོས་ཤོག་བླུགས་བཞིན་པ། ༢༠༡༥།༡༠།༡༨
དོན་ལྡན་ར་ལོ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུའི་ཐད་རྒྱལ་སྤྱིའི་གསར་ལམ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་འགོད་སྤེལ་གནང་བ།
དེ་ཡང་སྤྱི་ལོ་༢༠༡༥ལོའི་ཟླ་༡༠བའི་ཚེས་༡༨ཉིན། བོད་མིའི་སྒྲིག་འཛུགས་ཡོད་ས་རྒྱ་གར་རྡ་རམ་སཱ་ལ་གཙོས་རྒྱ་བལ་འབྲུག་གསུམ་དང་། བོད་ཕྱི་ཕྱོགས་ཀྱི་བོད་མི་འདུས་སྡོད་བྱེད་སའི་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་གང་སར་བོད་མི་ཚོས་སྐབས་བཅོ་ལྔ་པའི་བཀའ་ཤག་གི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་གནང་ནས། བོད་མི་ཚོས་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པར་འོས་བསྡུའི་ཆ་ཤས་བླངས་ཡོད་པ་རེད།
བོད་མིའི་འོས་བསྡུའི་སྐོར་ཇར་མན་གྱི་ཚགས་ཤོག་ཐོག་བཙན་བྱོལ་བོད་མིས་རང་གི་འགོ་ཁྲིད་འོས་འདེམས་བྱེད་པ་ཞེས་པའི་གསར་འགྱུར་གཏོང་སྤེལ་གནང་བ་དང་། ཧྥ་རན་སིའི་གསར་ཤོག་ཐོག་བཙན་བྱོལ་བོད་མིས་དེ་རིང་བཙན་བྱོལ་གཞུང་གི་སྲིད་སྐྱོང་དང་། གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱེད་བཞིན་པ་ཞེས་པའི་གསར་འགྱུར་གཏོང་སྤེལ་གནང་འདུག
དེ་བཞིན་ཏུའུ་ཝེ་ཞེས་པའི་རྒྱ་ཡིག་དྲ་གནས་སུ་ཐེངས་འདིའི་འོས་མིའི་ནང་ལྟ་བ་མི་འདྲ་བ་སོགས་ཡོད་ལུགས་ཀྱི་དཔྱད་བརྗོད་བྱས་པ་སོགས་འཛམ་གླིང་གི་ཚགས་ཤོག་དང་། དྲ་གནས་ཁག་ཏུ་ཐེངས་འདིའི་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། སྤྱི་འཐུས་འོས་མིའི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་ཐད་དོ་སྣང་ཆེན་པོའི་སྒོ་ནས་བརྒྱུད་སྤེལ་བྱས་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎