མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༧སྟེང་བོད་ཀྱི་ཁྱིམ་མཚེས་རྒྱབ་ཁབ་ཁག་ནས་སྐུ་ཚབ་ཉུང་བ་ཡོད་པ་བོད་པའི་སྐུ་ཚབ་ཀྱིས་གསུངས་བྱུང་།

2022.11.06
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༧སྟེང་བོད་ཀྱི་ཁྱིམ་མཚེས་རྒྱབ་ཁབ་ཁག་ནས་སྐུ་ཚབ་ཉུང་བ་ཡོད་པ་བོད་པའི་སྐུ་ཚབ་ཀྱིས་གསུངས་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་ཐེངས་༢༧སྟེང་བོད་པའི་སྐུ་ཚབ་རྣམ་པ། ༢༠༢༢།༡༡།༠༦ ཉིན།
མཐུན་སྦྱོར་པར་རིས།

ཕྱི་ལོ་༢༠༢༢ལོའི་སྤྱི་ཟླ་༡༡ཚེས་༦རེས་གཟའ་ཉི་མའི་ཉིན་ཨེ་ཇིབ་གྲོང་ཁྱེར་Sharm EI-Sheikདུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས ༢༧ (Cop27) དེ་དངོས་སུ་འགོ་འཛུགས་གནང་ཞིང་། བོད་མིའི་སྐུ་ཚབ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་གོང་ཞུས་ཚོགས་ཆེན་ཚོགས་ཡུལ་ནས་དྲ་ལམ་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱལ་ཁྱབ་ཕྱི་ནང་ནས་གཞུང་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་ཚོ་ཚུད་པའི་ཚོགས་བཅར་བ་ཁྲི་གཅིག་མ་ཟིན་ཙམ་ཕེབས་འདུག་ཀྱང་། རྒྱ་གར་དང་འབྲུག་ཚུད་པའི་བོད་ཀྱི་ཁྱིམ་མཚེས་རྒྱབ་ཁབ་ཁག་ནས་སྐུ་ཚབ་ཧ་ཅང་གི་ཉུང་ངུ་ཞིག་ཕེབས་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་སྐུ་ཚབ་ངོས་ནས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་དང་དེས་འཛམ་གླིང་ལ་ཤུགས་རྐྱེན་སྐོར་། བོད་ནང་གི་གནམ་གཤིས་འགྱུར་ལྡོག་ཐད་དེང་གི་ཚན་རིག་པ་ལྷན་དུ་གོ་བསྡུར་གྱིས་ཉམས་ཞིབ་གནང་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་དང་འབྲེལ་བའི་སྲིད་བྱུས་ཇི་འདྲ་ལག་བསྟར་བྱ་འཆར་ཡོད་ནའང་། ས་གནས་བོད་མིའི་ལྷན་དུ་གོ་བསྡུར་གནང་དགོས་པ་སོགས་ཀྱི་ཞུ་གཏུགས་ལས་འགུལ་སྤེལ་རྒྱུ་ཡིན་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐེངས ༢༧ པའི་སྟེང་བོད་མིའི་སྐུ་ཚབས་ལྔ་སྟེ། བོད་མིའི་སྒྲིག་འཛུགས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་ཉམས་ཞིབ་པ་དོན་འགྲུབ་དབང་མོ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་དང་ལས་འགུལ་བ་མཁྱེན་འཛོམས་ཨེ་ལིངྣ་ལགས། དེ་བཞིན་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་མཉམ་བཞུགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎