གཙོ་བོ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་བྱ་དགོས།


2014.02.20
༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལགྱི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༤།༢།༢༠ ༧གོང་ས་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལགྱི་བོད་མི་ཚོར་བཀའ་སློབ་གནང་བཞིན་པ། ༢༠༡༤།༢།༢༠
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཀླུ་འབུམ།

དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྤྱི་ཚེས་༢༠ ཉིན་རྒྱབ་བཞུགས་གནས་Park hyattམགྲོན་ཁང་གི་ཚོགས་ཁང་དུ་འདི་ག་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་གཙོ་བའི་ཧྥེ་ལ་ཊ་ཧྤེ་ཡ་དང་། མངའ་སྡེ་Virginia. Maryland. Charlottesvilleསོགས་ནས་ཕེབས་པའི་བོད་མི་བཞི་བརྒྱ་ཙམ་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སོང་། སྐབས་དེར་༧གོང་ས་མཆོག་གིས། བོད་ནང་གི་བོད་མི་ཚོ་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པ་དང། ཁོང་ཚོའི་ཁྲོད་དུ་མི་རབས་བརྗེ་པོ་ཐེབས་བཞིན་ཡོད་ཀྱང་སྙིང་སྟོབས་དང་ལྷག་བསམ་ལ་འགྱུར་བ་མེད་པར་གནས་ཡོད་པའི་བསྔགས་བརྗོད་གནང་བ་དང་། དེ་བཞིན་བོད་མི་བཙན་བྱོལ་དུ་གནས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་རིང་འཛམ་གླིང་ཁྲོད་བོད་ཀྱི་གནས་སྟངས་དང་བོད་ཀྱི་ནང་ཆོས་ལ་འགྱུར་བ་ཆེན་པོ་ཕྱིན་ཏེ། འགྲོ་བ་མི་སྤྱི་ལ་དགོས་པའི་བདེ་སྐྱིད་དེ་ནི་བོད་ཀྱི་ནང་ཆོས་ཉམས་ལེན་བྱས་པ་ནས་བསྐྲུན་ཐུབ་པ་ཞིག་ཡིན་པ་ལྟར། འཛམ་གླིང་གི་འགྲོ་བ་མི་སྤྱི་ལ་ཁྱབ་པའི་བཟང་པོའི་སྤྱོད་པ་མཁྱེར་སྟངས་དང་། བྱམས་བརྩེ་བདེ་སྐྱིད་སྐྲུན་ཐབས་ཀྱི་ཐབས་ལམ་དེ་ཚོ་ནི་བོད་ཀྱི་ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་གི་འགྲོ་བ་མིའི་རིགས་ལ་ཞབས་འདེགས་རླབས་ཆེན་ཞུ་ཐུབ་ཀྱི་ཡོད་པ་དེ་ནི་བཙན་བྱོལ་ནང་དུ་གནས་པའི་བོད་མི་ཚོའི་བྱས་རྗེས་ཤིག་ཀྱང་ཡིན་ཅེས་དང་། བོད་བརྒྱུད་ནང་ཆོས་ཀྱི་དོན་གཏིང་ཕྱིན་པ་རྟོགས་པར་ནང་ཆོས་བསླབ་པ་སློབ་གཉེར་བྱ་དགོས་པ་དང་། དེ་ལ་བོད་ཀྱི་སྐད་ཡིག་མཐར་ཕྱིན་པ་ཞིག་ཤེས་དགོས་པ་ཆོས་ཉིད་ཡིན་པར་སོང། བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་དང་། སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ། དར་སྤེལ་བཅས་གཏོང་བར་གཙོ་བོ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྦྱང་བརྩོན་བྱ་དགོས། དེ་དང་མཉམ་མི་རིགས་ཀྱི་རྒྱུད་ལ་ཆགས་པའི་ཡ་རབས་བཟང་པོའི་སྤྱོད་པ་དང། དྲང་པོ་གཤིས་ཀ་དེ་ཡང་མ་ཉམས་པར་གནས་རྒྱུ་གལ་ཆེན་ཡིན་པ་སོགས་བཀའ་གནང་སོང་། ་
༧གོང་ས་མཆོག་གི་མཇལ་ཁའི་དུས་ཚོད་སྔོན་ཚུད་བྱས་ནས་ཚོུད་གཉིས་དང་ཕྱེད་ཀའི་ཐོག་ཡིན་ནའང་སྐབས་དེར་ཨ་རིའི་བརྙན་འཕྲིན་ཁང་གྲགས་ཅན་ABC གསར་འགྱུར་ལས་ཁང་གིས་བཅར་འདྲི་བྱས་བར་བརྟེན། ༧གོང་ས་མཆོག་གིས་བཀའ་སློབ་མ་གནང་གོང་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མི་དམངས་འདུ་འཛོམས་སར། བོད་མི་ན་གཞོན་ཤེས་འཇོན་གཉིས་ལྡན་གསོ་སྐྱོང་བྱ་དགོས་པ་སོགས་འབྲེལ་ཡོད་གཏམ་བཤད་དང། མི་དམངས་ཚོའི་དྲི་བར་ལན་འདེབས་གནང་ཡོད།
༧གོང་ས་མཆོག་གིས་མུ་མཐུད་སྤྱི་ཚེས༢༡རེས་གཟའ་པ་སངས་ཉིན་ཨ་རིའི་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་རྒྱུ་སོགས་དམིགས་བསལ་གྱི་མཛད་འཕྲིན་ཁག་གཅིག་བསྐྱངས་རྗེས་ཨ་རིའི་ནུབ་ཕྱོཌ་གྲོང་ཁྱེར་Los Angeles དང་། San Francisco སོཊ་གྲོང་ཁྱེར་ཆེ་ཁག་ལྔའི་ནང་ཆིབས་བསྒྱུར་གྱིས་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་རེད
གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎